国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལི་ཐང“བརྒྱད་གཅིག”རྟ་རྒྱུག་འགྲན་ཚོགས་ཀྱི་པར་རིས་བདམས་བཀོད།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅང་ཧུང་ཅིང་གིས་པར་བླངས།

ལི་ཐང་རྫོང་འདོ་བ་ཐང་དུ་སྐོར་བྲོ་འཁྲབ་བཞིན་པ།

ལི་ཐང་རྫོང་འདོ་བ་ཐང་དུ་ཁམས་ཀྱི་ཕོ་རྒོད་ཚོས་རྟ་ཐོག་ནས་མདའ་འཕེན་བཞིན་པ།

ལི་ཐང་རྫོང་འདོ་བ་ཐང་དུ་ཁམས་ཀྱི་ཕོ་རྒོད་ཞིག་གིས་རྟ་ཐོག་གྱེན་ལངས་ཀྱི་རྩལ་ངོམ་བཞིན་པ།

སྐོར་བྲོ་འཁྲབ་སྟོན་གྱི་ཟུར་ཞིག།

ལི་ཐང་རྫོང་འདོ་བ་ཐང་དུ་ཁམས་ཀྱི་ཕོ་རྒོད་ཞིག་གིས་ཡོབ་ཀྱི་ཕག་ཏུ་གབ་རྩལ་ངོམ་བཞིན་པ།

ལི་ཐང་རྫོང་འདོ་བ་ཐང་དུ་བསྟན་འཛིན་གཙོས་པའི་ས་གནས་དེ་གའི་གླུ་བ་ཚོས་མཉམ་དུ་གླུ་དབྱངས་ལེན་བཞིན་པ།

ལི་ཐང་རྫོང་འདོ་བ་ཐང་དུ་མཐོ་གྲོང་གྲོང་རྡལ་ནས་ཡོང་བའི་རུ་ཁག་གིས་སྲོལ་རྒྱུན་གྱི་མི་རིགས་རྒྱན་གོས་བཤམ་འཁྲབ་བྱེད་བཞིན་པ།

ཉེ་ཆར། ལི་ཐང“བརྒྱད་གཅིག”རྟ་རྒྱུག་འགྲན་ཚོགས་ལི་ཐང་རྫོང་འདོ་བ་ཐང་དུ་སྤེལ་བ་རེད། རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་ཁག་ནས་ཡོང་བའི་ཞིང་འབྲོག་མང་ཚོགས་ཆིག་སྟོང་ལྷག་མཉམ་དུ་འཛོམས་ཏེ། རྟ་རྒྱུག་འགྲན་ཚོགས་སུ་རྟ་ཐོག་ནས་ཁ་བཏགས་ལེན་པ་དང་རྟ་ཐོག་ནས་བོག་འཕེན། རྟ་ཐོག་ནས་མདའ་འཕེན་པ། ཡོབ་ཀྱི་ཕག་ཏུ་གབ་པ། རྟ་ཐོག་གྱེན་ལངས་སོགས་ཀྱི་རྟ་རྩལ་འགྲན་ཏེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དང་ཡུལ་སྐོར་བ་ཚོའི་ཡིད་དབང་འཕྲོག་པ་རེད།