国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)ཁོང་གིས་འབྲེལ་ཡོད་གནས་ཚུལ་ཆ་རྒྱུས་ཞིབ་ཕྲ་གནང་རྗེས་དུས་ཚོད་དང་འགྲན་བསྡུར་བྱས་ནས་ཚགས་བཤེར་དང་འཚོལ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་ཚོད་སྐར་ཆ་རེ་ཡང་འཕྲོག་རེས་བྱས་ནས་མི་སྣ་འཚོལ་སྐྱོབ་བྱ་དགོས་པ་དང་། ཉེན་སེལ་བརྒྱུད་རིམ་ནང་གནོད་འཚེ་ཐེབས་པའི་ས་ཁོངས་མཐའ་འཁོར་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཚགས་བཤེར་ཞིབ་ཚགས་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་ལ་དོ་ཁུར་ཆེན་མོ་བྱས་ཏེ་གནོད་འཚེ་གསར་པ་དང་ཞོར་ཐོན་གནོད་འཚེ་ཐོན་པར་སྔོན་འགོག་ནན་པོ་བྱ་དགོས་ཞེས་གསུངས། དེ་རྗེས་ཝང་ཞའོ་ཧུའེ་དང་ཧྲི་ཞའོ་ལིན་གུར་དྲག་གྲོང་རྡལ་གྱི་རྒྱལ་ལམ318པ་རི་བརྒལ་གྲོང་ཚོའི་གནོད་འཚེ་བྱུང་སར་ཕེབས་ཏེ་རྡིབ་བཤིག་ཐེབས་ཚུལ་ལ་ལྟ་ཞིབ་ཞིབ་ཕྲ་དང་སྦྲགས་ག་སོང་ཆ་མེད་དུ་གྱུར་པའི་མི་སྣ་འཚོལ་སྐྱོབ་དང་། གནོད་འཚེ་ཐེབས་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག། གཞུང་ལམ་གྱི་རྨང་གཞིའི་སྒྲིག་བཀོད་སླར་གསོ་སོགས་ཀྱི་གནས་ཚུལ་ཆ་རྒྱུས་བླངས། ཉེན་སེལ་རོགས་སྐྱོབ་ནང་ཞུགས་མཁན་ཆེད་ལས་སྟོབས་ཤུགས་ཁག་དང་ས་གནས་དེ་གའི་ཏང་མི་དང་ལས་བྱེད་པ། མང་ཚོགས་བཅས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་ཤིང་། ཚང་མས་འཚོལ་སྐྱོབ་དང་ཆབས་ཅིག་རང་ཉིད་ཀྱི་ཉེན་མེད་འགོག་སྲུང་ཡང་ཡག་པོ་བྱ་དགོས་པའི་བཀའ་མངགས་ཀྱང་གནང་བ་རེད།

ཝང་ཞའོ་ཧུའེ་ཡིས་ནན་གསུང་གནང་དོན། ད་སྔར་སྤྱི་ཟླ་བདུན་པའི་སྨད་དང་བརྒྱད་པའི་སྟོད་ཀྱི་འབྲུབ་འགོག་གི་འགག་རྩའི་དུས་སུ་སླེབས་ཡོད། རང་རེའི་ཞིང་ཆེན་དུ་རེས་སྐོར་གསར་པའི་ཆར་པ་དྲག་པོ་འབབ་བཞིན་ཡོད་པ་དང་ས་ཆ་ཁག་གཅིག་ལ་དྲག་ཆར་འབབ་རྒྱུ་རེད། ས་ཁུལ་གྱི་གནོད་འཚེ་སྔོན་ཚུད་ཉེན་བརྡ་ཁྱབ་ཚད་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)17གྱི་རྫོང(གྲོང་ཁྱེར)81ལ་ཁེབས་ཡོད། ལྷག་པར་དུ་ཉེ་བའི་དུས་ཚོད་ནང་བསྟུད་མར་ཆར་དྲག་བབས་པར་བརྒྱུད་རང་རེའི་ཞིང་ཆེན་གྱི་འབྲུབ་འགོག་དང་ས་ཁུལ་གྱི་གནོད་འཚེ་སྔོན་འགོག་གི་ལས་འགན་སྔར་བཞིན་ཧ་ཅང་ལྕི་བ་རེད། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་ཕྱོགས་གཅིག་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཞན་ཞིག་ནས་ཉེན་མེད་འགན་ལེན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་འབྲུབ་འགོག་ཆུ་ལོག་འགོག་པ་དང་ས་གཤིས་གནོད་འཚེ་འགོག་པ་ལྷོད་གཡེང་རྩ་ནས་བྱ་རྒྱུ་མེད། བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ་ལས་ཀའི་རང་འགུལ་དབང་ཆ་དམ་པོར་བཟུང་སྟེ་དམག་འཐབ་དྲག་པོ་དེ་ལས་རྒྱལ་ཁ་མཐའ་གཅིག་ཏུ་བླང་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་ཏེ་སྤོ་དགོས་ཚད་སྔ་ཙམ་སྤོས་པ་དང་སྤོ་དགོས་ཚད་མགྱོགས་ཙམ་སྤོས་པ། སྤོ་དགོས་ཚད་ཚང་མ་སྤོས་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་ཡོང་བར་ཁག་ཐེག་བྱ་དགོས།

ཞིང་དཔོན་གཞོན་པ་ཙུའོ་ཡུང་ཞང་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ལས་ཡུལ་དངོས་ཀྱི་མཛུབ་ཁྲིད་དུ་ཞུགས་ཡོད་པ་རེད།། (ལྷ་འཛོམས་ཀྱིས་བསྒྱུར།)