国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཟའ་གྲིབ་ངོས་འཛིན།

གཟའ་གྲིབ་ནི་གློ་བུར་དུ་ཀླད་རྩ་ལ་བྱུང་བའི་ནད་རིགས་ཤིག་ཡིན་པས། ངག་རྒྱུན་དུ་གྲིབ་ནད་དམ་ཀླད་རྩའི་ནད་རྐྱེན་ཡང་ཟེར། ནད་རིགས་འདི་ནད་གཞི་ཕོག་ཚད་མཐོ་ལ། དབང་པོ་སྐྱོན་ཅན་འབྱུང་ཚད་དང་འཆི་ཚད་ཀྱང་མཐོན་པོ་ཡོད་པའི་ཁྱད་ཆོས་ཡོད། བརྟག་དཔྱད་བྱས་རྗེས། གཟའ་གྲིབ་ཀྱི་ནད་འདི་རང་རྒྱལ་སྡོད་དམངས་ཀྱི་འཆི་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད། གཟའ་གྲིབ་ལས་ཐར་མཁན་གྱི་ནད་པ་སུམ་ཆ་གཉིས་ཙམ་ལས་མེད་ཀྱང་དེ་དག་ཕལ་ཆེ་བར་ནད་གཞི་ཚད་མི་འདྲ་བས་བཟུང་རྗེས་ངལ་རྩོལ་གྱི་ནུས་པ་ཉམས་པ་དང་། ནད་པ་རང་ཉིད། ནང་མི་དང་སྤྱི་ཚོགས་ཐམས་ཅད་ལ་འགན་འཁྲི་ལྗིད་མོ་ཕྱིན་པ་རེད། འོན་ཀྱང་། གཟའ་གྲིབ་ནི་སྔོན་འགོག་དང་ནད་བཅོས་བྱ་རྒྱུ་ཡོད་པའི་ནད་རིགས་ཤིག་ཡིན་པས། དུས་ཐོག་ཏུ་སྔོན་འགོག་ལག་བསྟར་ཚད་ལྡན་བྱས་པ་ཡིན་ན་གཟའ་གྲིབ་ཀྱི་ནད་གཞི་འབྱུང་བའི་ཚད་དམའ་རུ་འགྲོ་ཐུབ་ལ་ནད་པའི་ཚེ་སྲོག་དང་དབང་པོའི་བྱེད་ནུས་བསྐྱར་གསོ་ཐུབ་ཀྱིན་ཡོད།

དེས་ན། སྔོན་འགོག་ཚད་ལྡན་བྱ་དགོས་ན་ཐོག་མར་ང་ཚོས་གཟའ་གྲིབ་ཀྱི་དབྱེ་བ་ངེས་དགོས། རྒྱུ་མཚན་ནི་གཟའ་གྲིབ་ཀྱི་ནད་ཐོག་སྨན་བཅོས་བྱེད་སྐབས་དེ་ལ་ཁྱད་པར་ཆེན་པོ་ཡོད།

ཁྱོན་ཡོངས་ནས་གཟའ་གྲིབ་ལ་དབྱེ་ན་རིགས་གཉིས་ཡོད།

༡ ཁྲག་ཆད་རང་བཞིན་གྱི་གཟའ་གྲིབ། གཟའ་གྲིབ་ཀྱིས་ཀླད་ནུས་ཉམས་པའི་ཚད་ཕལ་ཆེ་བརྒྱ་ཆ་བདུན་ཅུར་ཟིན་པ་རེད། དེ་ནི་ཀླད་པའི་རྩ་སྦུགས་དོག་ཏུ་འགྲོ་བ་དང་། ཁྲག་རེང་གིས་གྲུབ་པའམ་ཁྲག་རྒྱུ་བ་དང་འབྲེལ་ནས་ཁྲག་རྡོག་གིས་ཁྲག་རྩ་འགག་ནས། ཀླད་པའི་གྲུབ་ཚུལ་ལ་ཁྲག་ཆད་པ་དང་ཉམས་པ་འགྲོ་བ་ཞིག་ཡིན།

༢ ཁྲག་དོན་རང་བཞིན་གྱི་གཟའ་གྲིབ། རྒྱུ་རྐྱེན་འདྲ་མིན་ཞིག་གིས་ཀླད་པའི་རྩ་སྦུགས་འགད་པ་དང་། ཁྲག་ཀླད་པ་དང་ཀླད་པའི་ཕུང་གྲུབ་གསེབ་ཏུ་རྒྱུ་བ། དེ་ལྟར་ཀླད་པའི་ཕུང་གྲུབ་ལ་གནོན་ཤུགས་དང་རྒྱུན་ལྡན་གྱི་དབྱངས་དང་ཟུངས་གིས་མ་འདང་པའི་ཕྲ་ཕུང་ལ་གནོད་སྐྱོན་བྱུང་པ་ཞིག་ཡིན། ཁྲག་དོན་རང་བཞིན་གྱི་གཟའ་གྲིབ་ནང་ཀླད་ཁྲག་འདྲེས་པ་དང་བར་དར་འོག་ཁོག་ཏུ་ཁྲག་རྒྱུ་བ་སོགས་ཚུད་པ་རེད། སྔོན་མ་དེ་ཁྲག་རྩ་འགད་རྗེས་ཁྲག་ཀླད་པའི་ཕུང་གྲུབ་སྲེབ་ཏུ་རྒྱུ་བ་དང་། ཕྱི་མ་ཁྲག་བར་དར་འོག་གི་ཁོག་ཏུ་འཛུལ་༼ ཀླད་པའི་ནང་གི་གསེབ།༽ བ་ཞིག་ཡིན། གཉིས་ཀར་ནད་ཐོག་སྨན་བཅོས་ལག་ལེན་སྟེང་ལ་ཁྱད་པར་ཡོད།

གོང་གསལ་གཟའ་གྲིབ་ནད་རིགས་གཉིས་ལ་ནད་ཀྱིས་མནར་བ་དང་བརྟག་བཅོས་བྱེད་པའི་སྐབས་སུ་ཁྱད་པར་ཆེན་པོ་ཡོད། འོན་ཀྱང་ནད་རྟགས་ཐོག་མ་ཡོང་བའི་སྐབས་སུ་དབྱེ་འབྱེད་གསལ་པོ་མི་ཐུབ་པས་བརྙན་གཟུགས་བརྟག་དཔྱད་ལ་སོགས་པའི་ངོས་འཛིན་འཕྲུལ་ཆས་ལག་རོགས་ལ་བརྟེན་ནས་ངོས་འཛིན་བྱ་དགོས།

ལྷག་པར་དུ་ནན་བཤད་བྱ་དགོས་པ་ཞིག་ལ། གཟའ་གྲིབ་ཀྱི་ནད་རིགས་གང་ཞིག་ཡིན་ཡང་། ནད་ཀྱིས་མནར་བའི་སྐབས་སུ་ཅི་མགྱོགས་ཚུལ་ལྡན་གྱི་ནད་བཅོས་བྱ་དགོས། དེའི་ཕྱིར་གཟའ་གྲིབ་ཀྱི་དོགས་པ་ཡོང་བ་དང་དེ་མ་ཐག་ཉེ་འགྲམ་གྱི་གཟའ་གྲིབ་སྨན་བཅོས་ཆ་རྐྱེན་ཡོད་པའི་སྨན་ཁང་དུ་སྨན་བཅོས་འགྲོ་ནས། སྨན་བཅོས་དུས་ཚོད་ཡག་ཤོས་དེ་མི་བརླག་པ་དང་མི་ཚེར་ཞེ་འགྱོད་མི་ཡོང་པ་བྱ་དགོས།།

( དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་དབང་རྩ་ནང་ནད་ཚན་ཁག་གི་ཁྲེན་ཅེ་ཡིས་བྲིས།)