国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཚོ་སྔོན་ཞིང་ཆེན་གཅིག་སྒྲིལ་རྫོང་གི་གཉན་པོ་གཡུ་རྩེའི་ སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ལུང་གིས་པར་བླངས།

གཉན་པོ་གཡུ་རྩེའི་མིང་གཞན་ལ་མགོ་ལོག་རི་བོ་ཟེར་ཞིང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་མངའ་ཁོངས་སུ་གནས་ཡོད། ལོ་ངོ་དུང་ཕྱུར་མང་པོའི་སྔོན་གྱི་ས་ཤུན་འགུལ་སྐྱོད་ལས་རི་བོ་དེ་ཉིད་མེ་ཏོག་པད་མའི་དབྱིབས་དང་ནགས་ཚལ་སྟུག་པོ། མཚོ་དང་མཚེའུ་སྐར་ཚོགས་བཀྲམ་པ་ལྟར་ཡིན་པའི་ཡུལ་ལྗོངས་ཀྱི་བཀོད་པ་ལྟ་ན་སྡུག་པ་གྲུབ་པ་དང་། དེ་གར་རྐྱང་དང་འབྲོང་། གཙོད་སོགས་མཐོ་སྒང་གི་རི་སྐྱེས་བདག་མེད་སྲོག་ཆགས་རྩ་ཆེན་མང་པོ་འཚོ་བ་སྐྱེལ་བཞིན་ཡོད། 2000ལོར་གཉན་པོ་གཡུ་རྩེ་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཚུད་པ་དང་། 2003ལོར་རྒྱབ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་པ་སྤར་ཡོད། 2005ལོར་རྒྱལ་ཁབ་ས་གཤིས་སྤྱི་གླིང་དུ་བདམས་པ་རེད། ཉེ་བའི་ལོ་ཤས་རིང་། གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། ས་གནས་དེ་གའི་སྔར་ཡོད་ལྗོངས་ཁུལ་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་བཤིག་པ་དང་ལྗོངས་ཁུལ་སྒོ་བརྒྱབ་པས་གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཏེ། སྲོག་ཆགས་རྩ་ཆེན་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།།