国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་ཡིས་དར་མདོ་གུར་དྲག“8·03”གྱི་ཆུ་ལོག་གནོད་འཚེ་ཚབས་ཆེན་ལ་ཁ་གཏད་གཅོག་པའི་བཀོད་འདོམས་པུའུ་ཡི་གྲོས་ཚོགས་སུ།

མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་ནས་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོག་པ་དང་། ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བྱས་ནས་གནོད་ཐེབས་མང་ཚོགས་བཀོད་སྒྲིག་འགན་ལེན་ལས་ཀ་ཡག་མོ་བསྒྲུབ་དགོས་ཞེས་ནན་གསུང་གནང་།

སྤྱི་ཟླ8ཚེས4ཉིན་ཁུལ་ཨུའི་ཧྲུའུ་ཅི་དང་བཀོད་འདོམས་པུའུ་ཡི་བཀོད་འདོམས་མགོ་དཔོན་ཧྲེན་དབྱང་གིས་དར་མདོའི་གུར་དྲག“8·03”གྱི་ཆུ་ལོག་གནོད་འཚེ་ཚབས་ཆེན་ལ་ཁ་གཏད་གཅོག་པའི་བཀོད་འདོམས་པུའུ་ཡི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཞའོ་ལིན། འཚུབ་བསྟུན་དོ་དམ་པུའི་འབྲེལ་ཡོད་མགོ་ཁྲིད་བཅས་ཀྱིས་གནོད་འཚེ་ཐེབས་ཡུལ་དངོས་སུ་མཛུབ་ཁྲིད་གནང་སྐབས་ཀྱི་མཛུབ་སྟོན་དང་བླང་བྱ་བརྒྱུད་བསྒྲགས་དང་ལག་ལེན་མཐར་ཕྱིན་བསྟར་བ་རེད། དར་མདོ་དང་གུར་དྲག་ཕྱོགས་གཉིས་དང་ཚོ་ཆུང་ཁག་གིས་ལས་ཀ་སྤེལ་ཚུལ་ལ་གསན་འཇོག་གནང་རྗེས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་འགོག་གནོད་བསྙུང་གནོད་སྐྱོབ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་མཆན་བཀོད་མཛུབ་སྟོན་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་ཅིང་། ཐོག་མཐའ་བར་གསུམ་དུ་མི་གཙོ་བོར་འཛིན་པའི་འདུ་ཤེས་བརྟན་པོ་བཅངས་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོག་རེས་བྱས་ནས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བྱེད་པ་དང་། གནོད་འཚེ་ཐེབས་པའི་མང་ཚོགས་བཀོད་སྒྲིག་འགན་ལེན་ལས་དོན་ཡག་ཅིང་ཏན་པ་བསྒྲུབ་དགོས་པའི་ནན་གསུང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། བཀོད་འདོམས་པུའུ་ཡི་བཀོད་འདོམས་མགོ་དཔོན་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཞུགས་པ་དང་འབྲེལ་ལས་དོན་བཀོད་སྒྲིག་ཞིབ་ཕྲ་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། བཀོད་འདོམས་པུའུ་ཡི་བཀོད་འདོམས་མགོ་དཔོན་གཞོན་པ་ཏེང་ལི་ཅུན་ཚོགས་འདུར་ཞུགས་ཡོད།

གནོད་འཚེ་ཐོན་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཆེན་ཚད་མཐོན་པོར་བྱས་ནས་འཚུབ་བསྟུན་དོ་དམ་པུའུ་ཡི་ཏང་ཨུའི་ཨུ་ཡོན། ཀྲུང་གོ་ས་ཡོམ་ཅུས་ཀྱི་ཅུས་ཀྲང་ཝང་ཁུན་གྱིས་རྒྱལ་ཁབ་གནོད་འགོག་གནོད་བསྙུང་གནོད་སྐྱོབ་ཨུ་ལྷན་གྱི་ལས་དོན་ཚོ་ཆུང་ཁྲིད་ནས་ཡུལ་དངོས་སུ་རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་གནང་བ་དང་ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧྲི་ཞའོ་ལིན་གནོད་འཚེ་ཐེབས་ཡུལ་གྱི་འཐབ་ཕྱོགས་དང་པོར་རོགས་སྐྱོབ་དང་ཉེན་སེལ་བཀོད་གཏོང་གནང་བ་རེད། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་དང་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་བཀའ་འབྱོར་བ་དང་མགྱོགས་མྱུར་བསྡུ་རུབ་བྱས་ཏེ་དུས་ཐོག་ཏུ་མི་སྣ་འཚོལ་སྐྱོབ་དང་རོགས་སྐྱོབ་བགྲོད་ལམ་མགྱོགས་པོར་གཏོད་པ། གནོད་ཐེབས་མང་ཚོགས་བཀོད་སྒྲིག་བཅས་བྱས་པས། མིག་སྔར་རོགས་སྐྱོབ་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་སྔ་ཕྱིར་དར་མདོ་ཕྱོགས་ཀྱི་བཀོད་འདོམས་པུའུ་དང་གུར་དྲག་ཕྱོགས་ཀྱི་བཀོད་འདོམས་པུའུ་ལ་ཕེབས་ནས་གྲོས་ཚོགས་ཐེངས་མང་འཚོགས་ཏེ། དེང་སྐབས་གནས་ཚུལ་སྤྱི་འདོམས་བཀོད་སྒྲིག་གནང་བ་རེད།

( པར་ངོས་གཉིས་པར་གཟིགས།)