国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་སྟོད་དུ་རང་ཁུལ་གྱི་གཙོ་གནད་ལས་གཞིར་སྒོར་དུང་ཕྱུར256.44བཏང་།

ཉེ་ཆར། ཁུལ་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་རང་ཁུལ་གྱི་གཙོ་གནད་ལས་གཞི200ཡོད་དེ་ལོ་འཁོར་གྱི་འཆར་གཞི་ལྟར་མ་དངུལ་སྒོར་དུང་ཕྱུར334.84གཏང་རྩིས་ཡོད། སྤྱི་ཟླ་དང་པོ་ནས་སྤྱི་ཟླ6པའི་བར་རིམ་རྩིས་བྱས་པར་གཞིགས་ན། མ་དངུལ་སྒོར་དུང་ཕྱུར256.44བཏང་ནས་ལོ་འཁོར་གྱི་འཆར་གཞི་ལས་བརྒྱ་ཆ76.59ལེགས་གྲུབ་བྱུང་ཡོད། དེའི་ནང་མུ་མཐུད་དེ་བསྐྲུན་པའི་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར248.46བཏང་ནས་ལོ་འཁོར་གྱི་འཆར་གཞི་ལས་བརྒྱ་ཆ86.55ལེགས་གྲུབ་བྱུང་ཡོད། གསར་དུ་ལས་འགོ་བཙུགས་པའི་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར7.98བཏང་ནས་ལོ་འཁོར་གྱི་འཆར་གཞི་ལས་བརྒྱ་ཆ16.71ལེགས་གྲུབ་བྱུང་། ལས་མཇུག་འགྲིལ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པའི་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར74.63བཏང་ནས་ལོ་འཁོར་གྱི་འཆར་གཞི་ལས་བརྒྱ་ཆ178.73ལེགས་གྲུབ་བྱུང་ཡོད།

(གཅིག) རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་གལ་ཆེན། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར98.99བཏང་ནས་ལོ་འཁོར་གྱི་འཆར་གཞི་ལས་བརྒྱ་ཆ56.71ལེགས་འགྲུབ་བྱུང་ཡོད།

( པར་ངོས་གཉིས་པར་གཟིགས།)