( པར་ངོས་དང་པོར་མཐུད།)
དེའི་ནང་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ལས་གཞི་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར88.04བཏང་ནས་ལོ་འཁོར་གྱི་འཆར་གཞི་ལས་བརྒྱ་ཆ55.07ལེགས་གྲུབ་བྱུང་ཡོད། ཆུ་བེད་རྨང་གཞིའི་སྒྲིག་བཀོད་ལས་གཞི་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར5.63བཏང་ནས་ལོ་འཁོར་གྱི་འཆར་གཞི་ལས་བརྒྱ་ཆ86.02ལེགས་གྲུབ་བྱུང་ཡོད། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཞི་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར5.32བཏང་ནས་ལོ་འཁོར་འཆར་གྱི་གཞི་ལས་བརྒྱ་ཆ65.74ལེགས་གྲུབ་བྱུང་ཡོད།
(གཉིས།)ཐོན་ལས་ལས་གཞི་གལ་ཆེན། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར149.40བཏང་ནས་ལོ་འཁོར་གྱི་འཆར་གཞི་ལས་བརྒྱ་ཆ99.24ལེགས་འགྲུབ་བྱུང་ཡོད། དེའི་ནང་སྐྱེ་ཁམས་ནུས་རྒྱུའི་ལས་རིགས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར14260བཏང་ནས་ལོ་འཁོར་གྱི་འཆར་གཞི་ལས་བརྒྱ་ཆ104.70ལེགས་གྲུབ་བྱུང་བ་དང་། སྐྱེ་ཁམས་ཡུལ་སྐོར་ལས་རིགས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར5.32བཏང་ནས་ལོ་འཁོར་གྱི་འཆར་གཞི་ལས་བརྒྱ་ཆ79.95ལེགས་གྲུབ་བྱུང་བ། ལེགས་ཆའི་གཏེར་ཁའི་ཐོན་ལས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར0.29བཏང་ནས་ལོ་འཁོར་གྱི་འཆར་གཞི་ལས་བརྒྱ་ཆ5.16ལེགས་གྲུབ་བྱུང་བ་དང་། ཁྱད་ལྡན་ཞིང་འབྲོག་ལས་ཐད་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར1.19བཏང་ནས་ལོ་འཁོར་གྱི་འཆར་གཞི་ལས་བརྒྱ་ཆ57.12ལེགས་གྲུབ་བྱུང་ཡོད།
(གསུམ།) དམངས་འཚོ་དང་སྤྱི་ཚོགས་བྱ་གཞག་ལེགས་བཅོས་ལས་གཞི། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར6.01བཏང་ནས་ལོ་འཁོར་གྱི་འཆར་གཞི་ལས་བརྒྱ་ཆ77.31ལེགས་གྲུབ་བྱུང་ཡོད།
(བཞི།) སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་གཞི། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར2.04བཏང་ནས་ལོ་འཁོར་གྱི་འཆར་གཞི་ལས་བརྒྱ་ཆ103.46ལེགས་འགྲུབ་བྱུང་ཡོད།།
( ཡེ་ཤེས་ཀྱིས་བསྒྱུར།)