གཅིག། འཕྲོད་བསྟེན་རིམས་འགོག“བྱ་དགོས་པ་དྲུག།”
1. ཁ་ལག་མ་ཟོས་གོང་དང་བཤང་གཅི་རྗེས་ལག་པ་བཀྲུ་བའམ་ལག་པ་གཙང་སེལ་བྱ་དགོས།
2. ཆུ་ཁོལ་འཐུང་བ་དང་ཟས་བཙོས་མ་ཟ་དགོས།
3. བཟའ་བཅའ་རྗེན་པ་དང་བཙོས་མའི་ཚོད་གདན་སོ་སོར་ཕྱེ་དགོས། ཟས་ཆས་མ་བཀོལ་སྔོན་ལ་གཙང་སེལ་བྱ་དགོས།
4. ཁོར་ཡུག་གཙང་དོད་རྒྱུན་འཁྱོངས་ནས་གཙང་སྦྲ་བྱེད་པ་དང་། རྒྱུན་དུ་རླུང་རྒྱུ་བར་བྱ་དགོས།
5. གད་སྙིགས་ཉིན་རེར་གཙང་སེལ་བྱ་དགོས། སྦྲང་ནག་དང་དུག་སྦྲང་གིས་སོ་འདེབས་པ་འགོག་དགོས།
6. མི་སྒེར་གྱི་བདེ་ཐང་ལ་དོ་སྣང་བྱ་དགོས། གལ་ཏེ་ཚ་རྒྱས་པ་དང་གློ་ལུ་བ། གྲོད་པ་བཤལ་བ། མཁྲིས་སེར་དང་འབྲུམ་པ་སོགས་ཀྱི་ནད་རྟགས་ཐོན་ན་དུས་ཐོག་ཏུ་སྨན་བཅོས་རིམས་འགོག་བྱ་ཡུལ་གྱི་སྨན་པར་སྙན་སེང་ཞུ་དགོས།
གཉིས། འཕྲོད་བསྟེན་རིམས་འགོག“མི་འོས་པ་དྲུག།”
1. ཆུ་ཁོལ་མ་མིན་ན་འཐུང་མི་འོས།
2. རུལ་སུངས་དང་ངོ་བོ་འགྱུར་བའི་བཟའ་བཅའ་དང་འབྱུང་ཁུངས་མི་གསལ་བའི་བཟའ་བཅའ་བཟའ་མི་འོས།
3. གཅིན་སྐྱག་གང་སར་གཏོང་མི་འོས།
4. ཁ་ལུད་གང་སར་འཕེན་མི་འོས།
5. གད་སྙིགས་གང་བྱུང་དུ་དབྱུགས་མི་འོས།
6. མི་གཞན་དང་མཉམ་དུ་ངོ་གཞོང་དང་པགས་རས་མཉམ་སྤྱོད་བྱ་མི་འོས།
( རྟ་མགྲིན་གྱིས་བསྡུས་ནས་བསྒྱུར།)