国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་ཞོད་སྐྱོན་དང་ས་གཤིས་གནོད་འགོག་གི་ཛ་དྲག་བཀོད་གཏོང་ཚོགས་འདུར།

མཐར་ཐོན་གནོད་འབྱུང་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ཉེན་ཁ་མེད་པར་ཁག་ཐེག་བྱ་དགོས་ཞེས་གསུངས།

སྤྱི་ཟླ8པའི་ཚེས9ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་ཡོངས་ཀྱི་འབྲུབ་སྐྱོན་དང་ས་གཤིས་གནོད་འགོག་གི་ཛ་དྲག་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་འབྲུབ་དུས་གནམ་གཤིས་སྔོན་བརྡ་གནད་སྨིན་དང་ས་གཤིས་གནོད་འཚེ་ལྟ་ཞིབ་སྔོན་རྟོག་ལས་དོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་སྙིང་དོན་དང་། ཞིང་དཔོན་ཧྲི་ཞའོ་ལིན་དང་། ཞིང་དཔོན་གཞོན་པ་ཧུའུ་ཡོན་དང་ཙའོ་ཡུང་ཞང་སོགས་མགོ་ཁྲིད་ཀྱི་ཉེ་དུས་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་བརྒྱུད་བསྒྲགས་དང་ལག་ལེན་བསྟར་ཅིང་། རྫོང་དང་གྲོང་ཁྱེར་ཁ་ཤས་ཀྱི་ཞོད་སྐྱོན་དང་ས་གཤིས་གནོད་འགོག་ལས་དོན་ལ་སྐབས་བསྟུན་བཀོད་གཏོང་ད་སྐབས་ཀྱི་ལས་དོན་གཙོ་བོ་བཀོད་སྒྲིག་གནང་བ་རེད།

ཧྥུང་ཧྥ་ཀུའེ་ཡིས་བསྟན་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུབ་འགོག་གནོད་སྐྱོབ་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་ཤིང་། ལྷོད་གཡེང་དང་སྟེར་དབང་གི་བསམ་བློ་མཐའ་གཅིག་ཏུ་འདོར་བ་དང་། ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེན་པོ་དང་གྲ་སྒྲིག་ཨང་གསར། ནན་འགོག་དམ་སྲུང་བྱེད་ཅིང་། ཆར་དྲག་འབྱུང་བར་སྔོན་ལ་གྲ་སྒྲིག་དང་འགོག་བཅོས། མཐར་ཐོན་གནོད་འབྱུང་བྱེད་ཐབས་ཇེ་དྲག་ཏུ་གཏོང་ཞིང་འབད་པ་ཆེན་པོས་གནོད་འཚེའི་གྱོང་གུན་ཆེས་དམའ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ཉེན་མེད་ཡོང་བར་འགན་སྲུང་གང་ཐུབ་བྱ་དགོས།

ཧྥུང་ཧྥ་ཀུའེ་ཡིས་བླང་བྱ་བསྟན་དོན། ལས་རེས་གནས་སྲུང་བྱེད་ཤུགས་ཆེ་རུ་གཏང་དགོས། རེས་འདིའི་ཆར་ཆུའི་སྔོན་རྟོག་ས་ཁོངས་རྫོང་དང་གྲོང་ཁྱེར་གྱིས་གཅིག་བསྡུས་ངལ་གསོ་དང་གཟའ་འཁོར་ངལ་གསོ་མཚམས་འཇོག་པ་དང་། ཏང་སྲིད་མགོ་ཁྲིད་གཙོ་བོ་གཅིག་ངེས་པར་བསྡད་དེ་ལས་དོན་གཙོ་སྐྱོང་བྱ་དགོས། ཆུ་ཚོད24རིང་གི་མགོ་ཁྲིད་ལས་རེས་གནས་སྲུང་ལམ་ལུགས་དོན་ལ་ནན་མོ་འཁྱོལ་བ་དང་ལས་རེས་མི་སྣས་འགན་ནུས་ཡག་པོ་བསྒྲུབ་དགོས། མཐར་ཐོན་གནོད་འབྱུང་བྱེད་ཐབས་ཇེ་དྲག་ཏུ་གཏང་དགོས། རྫོང་དང་གྲོང་ཁྱེར། ཡུལ་སྡེ་ཁག་གིས་གནམ་གཤིས་སྔོན་བརྡ་ལ་གཞིགས་ནས་ཉེན་ཁ་མི་མངོན་ས་དང་ཉེན་ཁ་ས་ཁུལ་སྔོན་དཔོག་བྱེད་པ་དང་། “ལུང་དཔོན་དང་གནས་དཔོན”ལམ་ལུགས་དོན་ལ་འཁྱོལ་བ། ལུང་པ་ཚང་མའི་མི་འབོར་འདུས་སྡོད་གནས་དང་། བཟོ་གཏེར་ཁེ་ལས། ཨར་ལས་ཁུལ་སོགས་སུ་གནས་དཔོན་ཡོད་དགོས། ས་ཁོངས་བརྒལ་བའི་ལུང་དཔོན་དང་གནས་དཔོན་བཞག་ནས་སྲིད་འཛིན་ས་ཁོངས་བརྒལ་བའི་ལུང་པར་སྤྱི་འདོམས་བྱས་ཏེ་འབྲེལ་གཏུག་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏང་དགོས། ཉེན་ཁ་ཡོད་སའི་དུད་ཚང་གིས་ཅ་ལག་རྩ་ཆེན་བླུག་སའི་སྣོད་ཁ་གྲ་སྒྲིག་བྱ་རྒྱུར་སྐུལ་མ་བྱས་ཏེ། གནོད་འབྱུང་ཉེན་གཡོལ་ལས་ཆོད་ཆེ་རུ་གཏང་དགོས། ལུང་པ་བགོས་ནས་མང་ཚོགས་ཉེན་གཡོལ་གྱི་འཕྲིན་ཕྲན་ཚོགས་པ་བཙུགས་ཏེ། གནོད་འབྱུང་སྔོན་བརྡ་སྔོན་རྟོག་དང་འབྲུབ་འགོག་ཉེན་མེད་ཤེས་བྱ་དུས་ཐོག་བསྒྲགས་ཏེ། མང་ཚོགས་ཀྱི་ཉེན་མེད་འགོག་བཅོས་འདུ་ཤེས་དང་གནོད་འབྱུང་ཉེན་གཡོལ་གནས་སྤོའི་ལས་ཆོད་ཆེ་རུ་གཏང་དགོས། ཉེན་ཁ་མི་མངོན་པ་ཚགས་བཤེར་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ལག་རྩལ་གྱི་འགོག་ཐབས་སྒྲིག་ཆས་ཡོད་པ་དང་ལྟ་ཞིབ་ས་ཚུགས་དང་། ཆར་གཞལ་ཆས་དང་གནས་སྒྱུར་ཆས། སྒྲ་འོད་སྔོན་རྟོག་ཆས་སོགས་ལྟ་སྐུལ་ཚད་ལེན་སྒྲིག་ཆས་ལུགས་མཐུན་བཀོད་སྒྲིག་བྱས་ཏེ། འབྲུབ་སྐྱོན་དང་ས་གཤིས་གནོད་འགོག་ལས་དོན་ལ་ལྟ་ཞིབ་ཚད་ལེན་གྱི་དན་གྲངས་གནད་འཁེལ་པོ་སྤྲད་དགོས། “ཡོད་པ་གསུམ་དང་བརྒྱུད་ལམ་གསུམ”གྱི་ལས་དོན་ཐབས་ཤེས་ཇེ་དྲག་ཏུ་གཏང་དགོས། (ཉེན་ཁ་མི་མངོན་པ་ཚགས་བཤེར་ལ་དོ་དམ་བྱེད་མཁན་ཡོད་པ་དང་། ཉེན་ཁ་མི་མངོན་པའི་ས་ཁོངས་ལ་དོ་དམ་བྱེད་མཁན་ཡོད་པ། གནོད་འབྱུང་ཉེན་གཡོལ་གནས་སྤོ་ལ་དོ་དམ་བྱེད་མཁན་ཡོད་པ་སྟེ་“ཡོད་པ་གསུམ་”དང་།)བྲོས་ལམ་དུ་གྲབས་སྦྱོང་བྱེད་མཁན་ཡོད་པ་དང་སྲོག་ཐར་ཤེས་བྱ་སློབ་མཁན་ཡོད་པར་བྱས་ཏེ་གོམས་བྱུང་རྐྱེན་འགྱུར་གྱི་སྲོལ་ཆགས་པ་དང་། གནོད་འབྱུང་ཉེན་གཡོལ་གྱི་སྐབས་སུ“བརྒྱུད་ལམ་གསུམ་”ནས་མི་འབོད་མཁན་ཡོད་པ་ཁག་ཐེག་བྱེད་ཅིང་མ་མཐའ་ཡང་བརྒྱུད་ལམ་གཉིས་ནས་ཉེན་ཁ་མི་མངོན་པ་ཡོད་སར་བརྡ་རྒྱག་ཐུབ་པ་བྱ་དགོས། (དུས་ཐུང་གནམ་གཤིས་སྔོན་བརྡའི་སྐབས་སུ། དེང་རབས་འཕྲིན་གཏོང་སྒྲིག་ཆས་ཏེ་དཔེར་ན་ཉེན་བརྡ་གཏོང་ཆས་དང་ལག་གཡུག་ཉེན་བརྡ་ཆས་སོགས་སྤྱད་པའི་བརྒྱུད་ལམ་དང་པོ་དང་། སྲོལ་རྒྱུན་སྒྲིག་ཆས་ཏེ་དཔེར་ན་སྒྲ་དུང་ཆེན་མོ།། རྔ་སྦུག་ཤུ་བརྡ་སོགས་སྤྱད་དེ་སྔོན་རྟོག་སྔོན་བརྡ་གཏོང་བའི་བརྒྱུད་ལམ་གཉིས་པ། བརྒྱུད་ལམ་གསུམ་པ་ནི་ལས་ཀའི་བྱེད་ཐབས་དོན་ལ་འཁྱོལ་མིན་དང་མི་སྣ་གནས་སྤོ་ཡོད་མེད་སོགས་ལ་ཞིབ་བཤེར་བྱེད་པ།)དེ་དང་ཆབས་ཅིག་ལག་ཆ་གྲ་སྒྲིག་དང་གྲབས་སྦྱོང་ཡག་པོ་བྱེད་པ་དང་། བཙན་དབང་གིས་ཕྱིར་འཐེན་པའི་གྲ་སྒྲིག་ལ་དམ་དུ་དམིགས་ནས། སྤོ་དགོས་ཚད་སྤོ་བ་དང་སྤོ་དགོས་ཚད་ངེས་པར་སྤོ་བ། སྤོ་དགོས་ཚད་སྔ་ཚེར་སྤོ་བ་ཁག་ཐེག་བྱ་དགོས།། (སྐལ་ཐུབ་ཀྱིས་བསྒྱུར།)