国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་དར་མདོ་དང་དུང་དཀར་ལུང་པར་འགྲིམ་འགྲུལ་བདེ་མོ་དང་ཡུལ་སྐོར་འགན་སྲུང་སོགས་ལས་དོན་ལ་རྟོག་ཞིབ་གནང་སྐབས།

ཉེན་མེད་འགོག་བཅོས་བྱེད་ཐབས་དོན་ལ་འཁྱོལ་ཅིང་ཞབས་ཞུ་འགན་སྲུང་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། བློ་བདེ་བག་ཕེབས་སྣང་སྐྱིད་ཀྱི་འགྲོ་སྐྱོད་དང་ཡུལ་སྐོར་ཁོར་ཡུག་བསྐྲུན་གང་ཐུབ་བྱ་དགོས་པར་བསྟན།

ཧྲེན་དབྱང་གིས་རྒྱལ་ལམ318པའི་ཏང་མི་ཞབས་ཞུ་ས་ཚུགས་སུ་དང་བླངས་པར་འཚམས་འདྲི་གནང་བཞིན་པ།

སྤྱི་ཟླ8པའི་ཚེས7ནས8ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོ་དང་དུང་དཀར་ལུང་པར་འགྲིམ་འགྲུལ་བདེ་མོ་དང་ཡུལ་སྐོར་འགན་སྲུང་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་ཁྲིད་སྟོན་གནང་བ་དང་སྦྲགས་ལས་ཡུལ་གྱི་ལས་སྒྲུབ་ཉེན་རྟོག་པ་དང་ཞབས་ཞུ་ས་ཚུགས་ཀྱི་དང་བླངས་པར་འཚམས་འདྲི་གནང་བ་རེད། ཁོང་གིས་ཉེན་མེད་འགོག་བཅོས་བྱེད་ཐབས་དོན་ལ་ཞིབ་ཕྲ་འཁྱོལ་བ་དང་། ཞབས་ཞུ་འགན་སྲུང་ལས་དོན་ཁག་ཡག་པོ་ནན་མོ་བསྒྲུབས་ཏེ། བློ་བདེ་བག་ཕེབས་སྣང་སྐྱིད་ཀྱི་འགྲོ་སྐྱོད་དང་ཡུལ་སྐོར་ཁོར་ཡུག་བསྐྲུན་གང་ཐུབ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཧྲེན་དབྱང་གིས་བསྟན་དོན། ཚང་མས་བསྟུད་མར་འཐབ་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་ཚན་རྩལ་གྱི་ཐབས་གང་ལེགས་སྤྱད་དེ་འགྲོ་རྒྱུག་གི་ཚད་ཞིབ་བཅད་དང་འགྲིམ་འགྲུལ་ཉེན་རྟོག་པ་བཀོད་སྒྲིག་ལུགས་དང་མཐུན་པ། དུས་ཐོག་འགྲིམ་འགྲུལ་ཁྲིད་བཤང་དང་སྒྲིག་ལམ་བསྲུངས་ཏེ། ལམ་དུས་གཙོ་བོར་ཉེན་རྟོག་པ་འདང་ངེས་ཡོད་པ་ཁག་ཐེག་གིས་རླངས་འཁོར་ཉེན་མེད་ཤར་གཏོང་ཐུབ་པའི་ཕན་འབྲས་ཆེ་རུ་གཏང་དགོས། ཐབས་ལམ་སྣ་མང་ནས་འགྲོ་ལམ་གྱི་གནས་ཚུལ་དང་འགྲིམ་འགྲུལ་བཀག་སྡོམ་བྱེད་ཐབས་དུས་ཐོག་བསྒྲགས་ནས་ཡུལ་སྐོར་བར་འགྲོ་སྐྱོད་ཀྱི་སྣེ་ཁྲིད་གནད་ཐིག་པོ་བྱ་དགོས། ཟོང་འཁོར་ཁ་ལོ་བ་དང་རང་ཁུལ་དུ་ཡོད་པའི་འགྲུལ་པར་ཞབས་ཞུ་འགན་སྲུང་ཡག་པོ་བསྒྲུབ་དགོས། ཏང་མི་དང་བླངས་ཞབས་ཞུ་ས་ཚུགས་བཙུགས་ཏེ་འགྲུལ་པའི་དངོས་ཡོད་དཀའ་གནད་སེལ་བ་དང་། འགྲོ་འོང་རླངས་འཁོར་ལ་སྟབས་བདེར་བསྐྲུན་ནས་དོན་དག་ཡོད་ཚེ་ཏང་མི་བཙལ་བའི་སྐད་གྲགས་ཆེ་རུ་གཏང་དགོས། མི་རྒོད་མཚོ་ལྗོངས་ཁུལ་སོགས་ཀྱིས་ཁྲོམ་རའི་དགོས་མཁོ་དང་གནད་སྨིན་བསྟུན་ཅིང་ལྗོངས་ཁུལ་སྲུང་སྐྱོང་གསར་འབྱེད་བྱེད་ཤུགས་ཆེ་རུ་གཏང་བ། རྨང་གཞི་སྒྲིག་བཀོད་དང་ཞབས་ཞུའི་བྱེད་ནུས་འཐུས་ཚང་བཏང་ནས་ལྗོངས་ཁུལ་གྱི་སྤུས་ཚད་ཇེ་ཡག་ཏུ་གཏང་དགོས། གནམ་གཤིས་འགྱུར་ལྡོག་དང་མཐའ་སྐོར་གྱི་ས་གཤིས་གནས་ཚུལ་ལ་དོ་ཁུར་བྱས་ཏེ་ལམ་གྱི་ཉེན་ཁ་སེལ་བ་དང་། ཉེན་བརྡའི་རྟགས་མཚོན་བསྣན་པ། འགྲུལ་པར་སྣེ་ཁྲིད་དང་ཁ་འགྲེམ་ལས་ཀ་ཡག་པོ་བསྒྲུབས་ནས་འགྲུལ་པས་བག་ཕེབས་པོའི་སྒོ་ནས་ཡུལ་སྐོར་ཐུབ་པ་བྱ་དགོས། ཡུལ་སྐོར་ལམ་ཐིག་ཡག་པོ་བཟོ་བ་དང་འགྲུལ་པར་ཁྲིད་བཤང་ལུགས་དང་མཐུན་པ། འོས་སྦྱོར་བྱེད་སྒོ་གནད་ལ་འཁེལ་བ་སྤེལ་ཏེ་ལྗོངས་ཁུལ་གྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏང་དགོས། མགྲོན་ཁང་དང་གནས་ཚང་ཁག་གིས་ཚོང་གཉེར་གྱི་ཁོར་ཡུག་བཟང་པོར་བཟོ་བ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་ཧུར་ཐག་འདོན་པ། ཐོན་ཁུངས་སྟོབས་ཤུགས་སྔར་བས་བསྡེབས་ཤིང་བསྒྲིལ་བ། སྤྱི་ཚོགས་ཀྱི་མ་རྩ་གནས་ཚང་འཛུགས་སྐྲུན་དུ་ཞུགས་པར་སྐུལ་ཁྲིད་དང་། གནས་ཚང་གྲགས་ཅན་དང་མཉམ་ལས་ཟབ་ཏུ་སྤེལ་ནས་གནས་ཚང་འཛུགས་སྐྲུན་གྱི་སྤུས་ཚད་ཇེ་ཡག་ཏུ་གཏང་དགོས། དཀར་མཛེས་ཁུལ་གྱི་རང་བྱུང་མཛེས་ལྗོངས་དང་ལོ་རྒྱུས་རྗེས་ཤུལ། དམངས་སྲོལ་རིག་གནས་སོགས་ལ་བརྟེན་ནས་ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་བཀོད་སྒྲིག་ལུགས་མཐུན་བྱེད་ཅིང་། སྐྱེ་ཁམས་ཡུལ་སྐོར་དང་རིག་གནས་ཡུལ་སྐོར། མྱོང་རོལ་ཡུལ་སྐོར། ཡུལ་སྡེ་ཡུལ་སྐོར་སོགས་ལས་རྣམ་གསར་པ་རྒྱ་སྟོབས་ཆེ་རུ་གཏོང་ཞིང་། འཛད་སྤྱོད་གསར་པའི་རིགས་རྒྱ་སྐྱེད་པ་དང་ཡུལ་སྐོར་བའི་འཛད་སྤྱོད་དགོས་མཁོ་སྣ་མང་བསྐང་བ། ས་གནས་དེ་གའི་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་བྱེད་པ་དང་ཆགས་ཅིག་ཡོང་འབབ་འཕར་ཐུབ་པར་སྐུལ་ཁྲིད་གང་ལེགས་བྱ་དགོས། ཚོང་གཉེར་བ་དེ་གནས་ཚང་འཕེལ་རྒྱས་ཀྱི་ཚེ་སྲོག་ཏུ་བརྩི་བ་དང་། གནས་ཚང་ཡུལ་སྐོར་ཐོན་ལས་ཀྱི་དཔུང་སྡེ་འཛུགས་ཤུགས་ཆེ་རུ་གཏོང་བ། ལས་སྒོ་མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་ཅིང་། གནས་ཚང་གྲགས་ཅན་སྐར་རྟགས་ཅན་དུ་སྤར་བར་རྒྱབ་སྐྱོར་བྱས་ཏེ། གནས་ཚང་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བསྐུལ་དགོས།།

(སྐལ་ཐུབ་ཀྱིས་བསྒྱུར།)