2024ལོར་དཀར་མཛེས་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་བཅས་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐབས་ཇུས་དང་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་ཤིང་། བརྟན་ལྷིང་ཁྲོད་ཡར་ཐོན་ཡོང་བ་དང་ཡར་ཐོན་ལ་བརྟེན་ནས་བརྟན་ལྷིང་མཐའ་འཁྱོངས་བྱས་ཏེ། དཀར་མཛེས་ཁུལ་ཨུའི་ལག་ལེན་ནན་པོར་འཛིན། བྱ་སྤྱོད་དངོས་ལ་ལྟ། གྲུབ་འབྲས་ཐོན་པར་བྱེད་པའི་བྱེད་སྒོའི་བླང་བྱར་དམིགས་ཏེ། དམིགས་འབེན་ལས་འགན་ལ་དམ་འཛིན་དང་བྱ་ཐབས་སྤྱད་ནས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་དམ་འཛིན་བྱས་ཏེ་ལོ་སྟོད་དུ་གཏན་འཇགས་མ་རྩའི་གཏང་དངུལ་བརྒྱ་ཆ55.2གྲུབ་ཡོད།
དམིགས་འབེན་བརྟན་ཞིང་ལག་ལེན་ནན་པོར་འཛིན། གཏན་འཇགས་མ་རྩའི་གཏང་དངུལ་དུས་དང་དམིགས་འབེན་གཉིས་ཀ་ལས་བརྒལ་བའི་དམིགས་འབེན་ལས་འགན་ལ་དམ་འཛིན་དང་འགན་འཁྲི་གཙོ་བོར་གནོན་བཙིར། གཙོ་གནད་ལས་ཀ་དང་བྱེད་ཐབས་ཁ་གསལ་བཟོ་བ། གཟའ་འཁོར་རེར་བཀོད་གཏོང་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱས། ལས་གཞི་བཀོད་འདོམས་པུའུ་དང་ལས་སྣོན་བཟོ་གྲྭའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྫོང(གྲོང་ཁྱེར)སྡེ་ཚན་ཁག་གིས་ལོ་སྟོད་ཀྱི་གཏན་འཇགས་མ་རྩའི་གཏང་དངུལ་སྔོན་དཔག་གྲངས་འབོར་དང་ལེགས་གྲུབ་མྱུར་ཚད་དུས་ཐོག་ཏུ་བརྡ་ཁྱབ་བཏང་།
ལས་གཞིར་དམིགས་ཏེ་བྱ་སྤྱོད་དངོས་ལ་ལྟ། མཉམ་འབྲེལ་ལས་དོན་ཚོ་ཆུང5བཙུགས་ནས་རྫོང(གྲོང་ཁྱེར)18དང་དུང་དཀར་ལུང་པ་དོ་དམ་ཨུ་ལྷན། ཉི་སྟེན་དོ་དམ་ཅུས་བཅས་སུ་བསྐྱོད་དེ་མ་འཇོག་དུས་དང་དམིགས་འབེན་གཉིས་ལས་བརྒལ་བའི་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། ལས་གཞིའི་ཡུལ་དངོས་སུ་བསྐྱོད་དེ་ཞབས་ཞུ་བྱས་ནས་ལས་གཞི་གྲས་སུ་མགྱོགས་པ་ཚུད་པ་འགན་ལེན་ཏན་ཏིག་བྱས། སྤྱི་ཟླ6པར་བསྡོམས་རྩིས་བྱས་བར་གཞིགས་ན་ལས་གཞི92གྲས་ནང་ཚུད་ཡོད་པ་དང་འཆར་གཞི་ལྟར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར272.33གཏོང་རྩིས་བྱས་ཡོད།
གཙོ་གནད་དམ་འཛིན་བྱས་ནས་གྲུབ་འབྲས་ཐོན། མཚོ་ཆེན་ལུང་ཆུ་གློག་ཁང་དང་། ཡོན་གནས་ཕུག་ཆུ་གློག་ཁང་། སི་ཁྲོན་དང་ཁྲུང་ཆིང་བར་གྱི་ཆེས་མཐོ་གློག་གནོན་ཆེ་ཤོས་སྤེལ་རེས་ལས་གྲྭ། དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ལས་གཞི་གལ་ཆེན་འཛུགས་སྐྲུན་གྱི་འདེགས་སྐྱོར་ནུས་པར་དམ་འཛིན་ནན་པོ་བྱས། སྤྱི་ཟླ་དང་པོ་ནས6པའི་བར་ཁུལ་ཡོངས་ཀྱི་གཏན་འཇགས་མ་རྩའི་གཏང་དངུལ་ན་ནིང་ལོ་ལས་བརྒྱ་ཆ15.4འཕར་བས་སྤྱི་ཟླ་དང་པོ་ནས5པའི་བར་ལས་བརྒྱ་ཆའི་གྲངས9.4འཕར་ནས་ཞིང་ཆེན་ཡོངས་ཀྱི་ཨང་གསུམ་པར་སླེབས། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་གྱི་བརྒྱ་ཆ55.2ལེགས་གྲུབ་བྱུང་ནས་ཐེངས་དང་པོར་དུས་དང་དམིགས་འབེན་གཉིས་ལས་བརྒལ་ཐུབ་པ་བྱུང་ཡོད།།
( ཡེ་ཤེས་ཀྱིས་བསྒྱུར།)