ཉེ་ཆར། ཁུལ་འགྲིམ་འགྲུལ་དང་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཚོགས་པས་འཛུགས་སྐྲུན་དོ་དམ་བྱེད་པའི་ཁྲོན་བོད་ལྷོ་རྒྱུད་ལྗོངས་ལམ་མཛེས་ཤོས་ཀྱི6+9+Nགཙོ་དོན་ཞབས་ཞུའི་ཁུལ་གྱི་གྲས་ཤིག་ཡིན་པའི་འབའ་ཐང་གྲུ་བ་ནང་ཡུལ་སྐོར་ཞབས་ཞུ་ཁུལ་གྱི་ལས་གཞི་མཛེས་བཟོ་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་ནས་གཉེར་སྐྱོང་བྱེད་ཉེར་ཡོད།
ད་ལོར་ལས་འགོ་ཚུགས་པ་ནས་བཟུང་ལས་གཞི་དེ་ལག་ལེན་མགྱོགས་པོར་བསྟར་ནས་བཟོ་རྩལ་སྣ་ཚོགས་དང་ལས་རིམ་ཛ་དྲག་ངང་སྤེལ་ནས་ཁྱོན་དུས་ཡུན་ཟླ་བ་དྲུག་གི་རིང་ལ་ཞབས་ཞུ་ཁུལ་གྱི་སྤྱི་ཁོག་ལས་གྲྭ་དང་། མཛེས་བཟོ་ལས་གྲྭ། ལྗང་བསྒྱུར་ལས་གྲྭ་སོགས་ཁྱོན་ཡོངས་ནས་ལེགས་པར་བསྒྲུབས་ཡོད།
གྲུ་བ་ནང་ཡུལ་སྐོར་ཞབས་ཞུ་ཁུལ་ལ་ས་ཁྱོན་མུའུ49.3ཡོད་པ་དང་ཞབས་ཞུ་ཁུལ་གྱི་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་གྱི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ2248.52ལ་ཟིན་ཡོད། ལས་གཞི་དེས་གཞི་རྩའི་ཞབས་ཞུ་ཁུལ་གྱི་ནུས་པ་བསྐངས་པར་ཕུད། ད་དུང་སྣུམ་སྣོན་ས་ཚུགས་དང་གློག་གསོག་ཕུར་པ་སོགས་ཞོར་གཏོགས་སྒྲིག་ཆས་ཀྱང་བཀོད་སྒྲིག་བྱས་ཡོད། རྒྱལ་ལམ318པའི་གྲུ་བ་ནང་ཞབས་ཞུ་ཁུལ་བསྐྲུན་ནས་གཉེར་སྐྱོང་བྱས་རྗེས་སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ཀྱི་མང་ཚོགས་དང་ཡུལ་སྐོར་བའི་རླངས་འཁོར་ཉེན་མེད་སྟབས་བདེའི་ངང་ཤར་གཏོང་ཐུབ་ནས་རྒྱལ་ལམ318པའི་གཞུང་ལམ་ཞབས་ཞུའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད།།
(ཀུན་དགས་བསྒྱུར།)