འཇམ་ཐིང་ཐིང་། ལྷིང་འཇགས་སེ།
རྩྭ་ཐང་གི་ཕང་བ་རུ་བཞད་པའི་ཚོམ་བུ།
སྦྲ་ནག་གི་ལྷས་འདབས་སུ་ནོར་ནག་ཁྱུ་ཞིག།
འཚོ་བའི་སེམས་རྟེན་གྱི་རྟ་ཁྱུ་དང་ལུག་ཁྱུ།
མི་རབས་ཤིག་གི་ཐབ་ཚང་གི་ཡང་སྙིང་།
མིག་ཟུང་ལ་ཐོགས་པའི་རྩྭ་ཐང་།
རྒྱང་གཟིགས་ཀྱི་ནམ་མཁའ་ཡངས་པོར་ཕྱེས།
བརྗིད་ཆེ་བའི་མེས་པོ་ཚོའི་སྙིང་སྟོབས་དྲན་དུ་བཅུག།
ཉམས་ཉེས་ཀྱི་སྡུག་ཡུས་དེ་དག་སྙིང་རུས་བསྐྱེད།
སྒམ་དཀྱེལ་གྱི་གཏིང་ཚུགས་པའི་འབྲོག་པ།
འཚོ་བའི་བྲེལ་ཟིང་གི་སྒོ་མོ་མཐའ་དག།
ལྷོད་ཆགས་སེ་རྩྭ་ཐང་གི་བྲང་གཞུང་མཆིས།
རྩྭ་ཐང་གི་ཉེ་སར་བཅར་བའི་འབྲོག་སྡེ་དེ་ཡང་།
མཐོ་སྒང་གི་གཅེས་ནོར་སྐྱོང་སའི་
གངས་རི་དང་གཙང་པོ།
ནམ་མཁའི་མདངས་མ་ཡལ་བའི་
ཡིད་གཞུང་གི་མེ་ལོང་།
༼ ཇེང་། ༽