གནས་གཞི་བདག་ཉི་ལྟར་འཆར་འདྲ་བོ།།
གཉན་ཀླུ་བདག་མཚོ་ལྟར་འཁྱིལ་བ་པོ།།
ལྷ་ཆོས་སྐྱོང་དུས་ལྟར་བཞུགས་པ་པོ།།
འབྲོག་སྐྱིད་པོ་འོ་མ་སྟག་རྩེའི་ལུང་།།
དྲིན་ཕ་མ་ཉི་ཟླ་ཤར་བ་དང་།།
ནང་ཕུ་ནུ་མེ་ཏོག་བཞད་འདྲ་དག།
དུས་དགའ་བཞི་འབྲོག་པ་འཚོ་བ་པོ།
འབྲོག་སྐྱིད་པོ་འོ་མ་སྟག་རྩེའི་ལུང་།།
ས་གྲུ་བཞི་གཡང་གི་སྒོ་མོ་ཅན།།
འབྲི་དར་མའི་སེམས་ཀྱི་ཀ་བ་ཅན།།
མི་སྐྱ་མིའི་ཕ་ས་ཕ་ཡུལ་བོ།།
འབྲོག་སྐྱིད་པོ་འོ་མ་སྟག་རྩེའི་ལུང་།།
རི་སྤྱང་ཀིའི་འབོད་སྐད་ཟུག་འདྲ་བོ།།
ཕོ་དར་མའི་ཀི་སྒྲ་བསོ་ལོ་ལོ།།
ཆུང་བྱིས་པའི་དགོད་སྒྲ་ལྷང་སེ་ལྷང་།།
འབྲོག་སྐྱིད་པོ་འོ་མ་སྟག་རྩེའི་ལུང་།།
༼ ཐུབ་བསྟན་བཀྲ་ཤིས། ༽