国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






《དོན་བརྗོད་ཀྲུང་གོ》ཡི་བརྐོས་རིས་བརྩམས་ཆོས་འབའ་ཐང་དུ་བཤམས།

ཉེ་ཆར། དོན་བརྗོད་ཀྲུང་གོ་སྟེ་རྒྱལ་ཡོངས་ཀྱི་དོན་བརྗོད་རང་བཞིན་དང་གཙོ་དོན་རང་བཞིན་གྱི་བརྐོས་རིས་བརྩམས་ཆོས་གདན་ཞུ་འགྲེམ་སྟོན་འབའ་ཐང་རྫོང་ཡིག་ཚགས་ཁང་དུ་སྤེལ་འགོ་བཙུགས་པ་རེད། ཐེངས་འདིའི་འགྲེམ་སྟོན་ནི་ཀྲུང་གོ་མཛེས་རྩལ་སློབ་གླིང་དང་ཀྲུང་གོ་མཛེས་རྩལ་པའི་མཐུན་ཚོགས་བརྐོས་རིས་སྒྱུ་རྩལ་ཨུ་ལྷན་གྱིས་གཉེར་བ་དང་། འབའ་ཐང་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས། ཀྲུང་གོ་མཛེས་རྩལ་སློབ་གླིང་ཆེད་ལས་རྨང་གཞི་སློབ་ཁྲིད་པུའུ་ཡིས་སྒྲུབ་འགན་ཁུར་བ་རེད། དེའི་དམིགས་ཡུལ་ནི་བརྐོས་རིས་ཀྱི་སྒྱུ་རྩལ་རྣམ་པ་ཐུན་མོང་མ་ཡིན་པར་བརྒྱུད་དེ་ཀྲུང་གོའི་ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་པ་དང་ས་ཁོངས་ཁྱད་ཆོས། དེ་བཞིན་དུས་རབས་ཀྱི་སྙིང་སྟོབས་སོགས་མངོན་པར་མཚོན་པའི་ཆེད་དུ་རེད། རྒྱལ་ཡོངས་ཀྱི་བརྐོས་རིས་སྒྱུ་རྩལ་པ200ལྷག་གི་བརྩམས་ཆོས200ལྷག་བཤམས་ཡོད།།