སྤྱི་ཟླ8པའི་ཚེས10ཉིན་ལ། སི་ཁྲོན་ཞིང་ཆེན་གསེར་རྟ་རྫོང་གི་གཡང་འཁྱིལ་གསེར་རྟ། གསེར་རྟའི་གདན་ཞུ་ཞེས་པའི་འབྲོག་པའི་རིག་གནས་ཡུལ་སྐོར་དུས་ཚིགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་བོད་རིགས་ཀྱི་རྒྱན་གོས་བཤམ་འཁྲབ་བྱས་པ་རེད། ཉིན་དེར་ཕྱོགས་བཞིའི་འགྲུལ་པ་ཚོ་མེ་ཏོག་པད་མར་བུང་བའི་ཚོགས་བཞིན་གསེར་རྟ་རྩྭ་ཐང་དུ་འཛོམས་ནས་བོད་རིགས་ཀྱི་རྒྱན་གོས་རིག་གནས་སོགས་སྲོལ་རྒྱུན་བྲོ་བ་མ་ཉམས་པར་མྱོང་རོལ་བྱས་པ་རེད།།