国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འཕྲིན་གཏོང་བྱ་གཞག་མཆོང་སྐྱོད་འཕེལ་རྒྱས་ཕྱིན་ཏེ་མང་ཚོགས་ལ་སྐྱིད་སྣང་ཁེངས།

འཚུབ་བསྟུན་འཕྲིན་གཏོང་འགན་ལེན་བྱེད་བཞིན་པ།

ཡིག་མཐོང་ངོ་འཕྲད་ལྟ་བུ་ནས་བྱ་དངོས་ཡོད་རྒུ་མཉམ་དུ་སྦྲེལ་བའི་དུས་སུ་སླེབས།

ལོ33གོང་གི་ཚགས་པར་ཏེ1991ལོའི་ཟླ་བ7པའི་ཚེས6ཉིན་དཀར་མཛེས་ཉིན་རེའི་ཚགས་པར་གྱི་པར་ངོས་དང་པོར《ཁུལ་ཡིག་ཟམ་གློག་འཕྲིན་ཅུས་ཀྱི་གློག་འཕྲིན་ཐོག་ཁང་བསྐྲུན་ནས་བེད་སྤྱོད་གཏོང་རྩིས་ཡོད་པ་དང་། རང་ཁུལ་གྱི་ཡིག་ཟམ་གློག་འཕྲིན་བྱ་གཞག་སྐས་རིམ་གསར་པར་སླེབས》ཞེས་པའི་གསར་འགྱུར་དེའི་ནང་རང་ཁུལ་གྱི་དར་མདོ་གྲོང་མཁར་ན་ལག་བསྐོར་ཁ་པར་གྱི་དུས་རབས་མཇུག་འགྲིལ་བའི་ལོ་རྒྱུས་བཀོད་ཡོད། རྩོམ་ཡིག་ལས་མདོ་གྲོང་གི་ཁ་པར་རང་འགུལ་བརྗེ་རེས་སྒྲིག་ཆས་སྒྲིག་སྦྱོར་དང་སྙོམ་སྒྲིག་ཚོད་ལྟའི་དུས་ཚོད་ཟིན་ཐོར་བཀོད་ཡོད་པར་མ་ཟད། ལོ་དེའི་ཟླ་བ4པའི་ཚེས27ཉིན་ནས་བཟུང་མདོ་གྲོང་ནང་གི་སྤྱོད་མཁན་ཉུང་ཤས་ཕུད། ཁ་པར་ཚང་མ་མིས་བཟོས་བརྗེ་རེས་འཕྲུལ་ཆས་ནས་ཐད་གཏོང་ཁ་པར་དུ་བསྒྱུར་ཡོད།

ལོ་དེའི་ཟླ་བ12པའི་ཚེས31ཉིན། མདོ་གྲོང་རྒྱལ་ཡོངས་ཐག་རིང་ཁ་པར་གྱི་ཐད་གཏོང་དྲ་བར་དངོས་སུ་ཞུགས་པ་དང་། རྒྱལ་ཡོངས་ཀྱི་ཐག་རིང་ཁ་པར་གྱི་ཐད་གཏོང་ལས་སྒོ་དངོས་སུ་སྤེལ་ཐུབ་པར་བྱུང་བས། མདོ་གྲོང་གི་ལག་བསྐོར་ཁ་པར་དེ་འཕྲིན་གཏོང་གར་སྟེགས་ནས་ཕྱིར་འཐེན་པ་རེད། ཁུལ་ཡོངས་སུ་ཐག་རིང་གློག་ལམ་ཤར་གཏོང་ཐུབ་པ་ནས་དཀར་མཛེས་མི་དམངས་ཀྱིས“དྲ་བ་སྤྱོད་ཐུབ་པ”དང་།“འོད་ཤུགས་དྲ་བ་ཡོངས་ཁྱབ་ཁུལ”བསྐྲུན་ཡོད། 5Gསྦྲེལ་ཚུགས་ཐོག་མར་འཕྲིན་གཏོང་ཐུབ་པ་བཅས་དཀར་མཛེས་འཕྲིན་གཏོང་བྱ་གཞག་འཕེལ་རྒྱས་འགྲོ་བའི“འོད་སྟོང་འབར་བའི་དུས་སྐབས”མང་པོ་བྱུང་བར་མ་ཟད། དཀར་མཛེས་ཁུལ་གྱི་མི་དམངས་ཀྱང་དྲ་བའི་འཕྲིན་གཏོང་བརྒྱུད་དེ་རི་བོའི་ཕྱི་རོལ་གྱི་འཛམ་གླིང་དང་འབྲེལ་མཐུད་དམ་པོར་བྱུང་ཡོད།

1951ལོར་བཙུགས་པའི་ཞི་ཁམས་ཡིག་ཟམ་གློག་འཕྲིན་དོ་དམ་ཅུས་རྗེས་སུ་སི་ཁྲོན་ཞིང་ཆེན་ཡིག་ཟམ་གློག་འཕྲིན་དོ་དམ་ཅུས་དང་ཟླ་སྒྲིལ་བཏང་བ་དེའང་དཀར་མཛེས་ཁུལ་གྱི་འཕྲིན་གཏོང་འཕེལ་རྒྱས་ལོ་རྒྱུས་ཐོག་གི་མཚོན་རྟགས་ཐོག་མ་རེད། ཡིག་འབྲུ་ལྟར་རིན་གོང་རྩིས་པའི་གློག་འཕྲིན་དང་། སྐར་མ་ཁ་ཤས་ཀྱི་སྦྲག་རྟགས། ཀོ་ཤོག་གི་ཡིག་ཤུབས་དང་ལྗང་མདོག་གི་སྦྲག་སྒམ་ཆེན་པོ་བཅས་ཀྱི་ཐོག་ནས་ལོ་རབས་དེའི་རྒན་རབས་ཚོའི་བརྩེ་དུང་དང་ཕྱིར་དྲན་ཟབ་མོ་མཚོན་ཡོད།

སྐབས་དེ་དུས་ང་ཚོའི་ཁ་པར་ལ་ལག་བསྐོར་ཁ་པར་ཟེར། ཐག་རིང་ཁ་པར་རྒྱག་པར་མིས་བཟོས་ཁ་པར་བརྗེ་རེས་འཕྲུལ་ཆས་བརྒྱུད་དེ་ཁ་པར་ཞབས་ཞུ་བས་སྦྲེལ་མཐུད་བྱ་དགོས་ཤིང་། ཁ་པར་རྒྱག་པར་ཆུ་ཚོད་གཅིག་གཉིས་ཙམ་བསྒུག་དགོས་ཀྱི་ཡོད་ཅེས་རྒན་རྒོན་ཚོས་སྔོན་མའི་ཁ་པར་སྐོར་གྱི་ལོ་རྒྱུས་བཤད།

དུས་རབས་གོང་མའི་ལོ་རབས70པར་རང་ཁུལ་གྱི་ཕྱག་ཕྲེང་དང་། འདབ་པ། སྡེ་རོང་། བརྒྱད་ཟིལ། གསེར་རྟ་བཅས་རྫོང་མཁར་ལྔ་ལ་ད་དུང་ཁ་པར་རྒྱག་ཐུབ་ཀྱི་མེད། ལོ་རབས80པའི་དུས་འགོར་རྫོང་མཁར་ལྔ་ནས་དར་མདོ་བར་གྱི་ཐག་རིང་གློག་ལམ་བཙུགས་པ་དང་། སི་ཁྲོན་ཞིང་ཆེན་ཡོངས་སུ་གཞི་ནས་རྫོང་དང་རྫོང་བར་ཁ་པར་གཏོང་ཐུབ་པ་བྱུང་ཡོད།

(པར་ངོས་གཉིས་པར་གཟིགས།)