མཇུག་སྒྲིལ་མཛད་སྒོའི་ཡུལ་དངོས།
ཀྲུང་གོ་ལུས་རྩལ་འཐུས་ཚབ་ཚོགས་པའི་ལུས་རྩལ་པ་ཚོ་མཇུག་སྒྲིལ་མཛད་སྒོར་ཞུགས་བཞིན་པ།
ཀྲུང་གོ་ལུས་རྩལ་འཐུས་ཚབ་ཚོགས་པའི་དར་ཆ་སྒྲེང་མཁན་ལི་ཧྥ་པིང་དང་ཨུའེ་ཙེ་ཞ་ར་བར་ཞུགས་བཞིན་པ།
ཏུའུ་ལེ་ལི་མེ་ཏོག་སྐྱེད་ཚལ་དུ་པར་བླངས་པའི་ཨའོ་རྩལ་དཔལ་འབར་གཙོ་བོ།
རྒྱལ་སྤྱི་ཨའོ་ལིམ་ཕིག་བསྐོས་ཚོགས་ཀྱི་ཀྲུའུ་ཞི་པ་ཧེ(རྒྱབ་གྲལ་གཡོན་གྱི་གསུམ་པ།)དང་ཧྥ་རན་སིའི་སྤྱི་འཛིན་མཱ་ཁེ་ལུང་(རྒྱབ་གྲལ་གཡས་ཀྱི་གསུམ་པ)མཇུག་སྒྲིལ་མཛད་སྒོར་ཞུགས་བཞིན་པ།
འཁྲབ་སྟོན་པས་མཇུག་སྒྲིལ་མཛད་སྒོར་འཁྲབ་སྟོན་བྱེད་བཞིན་པ།
ཨའོ་རྩལ་འགྲན་ཚོགས་སུ་ལྗིད་འདེགས་རྣམ་གྲངས་བུད་མེད་སྤྱི་རྒྱ81ཡན་གྱི་འགྲན་སྡུར་ཁྲོད་དུ། ཀྲུང་གོའི་འོས་མི་ལི་ཝུན་ཝུན་གྱིས་གསེར་གྱི་རྟགས་མ་བླངས།
སྤྱི་ཟླ8པའི་ཚེས11ཉིན་ལ། འཛམ་གླིང་དབྱར་དུས་ཨའོ་རྩལ་འགྲན་ཚོགས་སྐབས33པའི་མཇུག་སྒྲིལ་མཛད་སྒོ་ཕེ་རིས་ཧྥ་ལན་ཞི་ལུས་རྩལ་ར་བ་སྤེལ་བ་རེད། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སུ་རང་རྒྱལ་གྱི་ལུས་རྩལ་པ་ཚོས་འབད་འཐབ་ཞུམ་མེད་དང་སྔོན་ཐོན་བརྩོན་ལེན། འགན་འཁྲི་དང་ལེན་བཅས་ཀྱི་སྒོ་ནས་གསེར་གྱི་རྟགས་མ40དང་དངུལ་གྱི་རྟགས་མ27དང་ཟངས་ཀྱི་རྟགས་མ24བླངས་ཏེ། ལུས་རྩལ་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཐོབ་བྱུང་ཞིང་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་གཟི་བརྗིད་མཚན་སྙན་བླངས་ཡོད།སྐབས་རྗེས་མའི་ཨའོ་རྩལ་འགྲན་ཚོགས་ཨ་རིའི་ལའོ་ཧྲན་ཅི་རུ་སྤེལ་རྒྱུ་རེད།།