国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསེར་རྟ་རྫོང་ཞོར་རོགས་གྲོང་སྡེ་གསར་པའི་ཁང་ གསར240འབྲོག་པའི་ལག་ཏུ་འཕྲོད།

ཞིན་ཧྭ་གསར་འགྱུར་ཁང་གི་ཅང་ཧོང་ཅིང་གིས་པར་བླངས།

ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་གསེར་ཁོག་གྲོང་རྡལ་ཞོར་རོགས་གྲོང་སྡེ་གསར་པར་ཁང་གསར་སྤྲོད་པའི་མཛད་སྒོ་སྤེལ་བ་དང་། འབྲོག་པའི་དུད་ཚང240གྲོང་རྡལ་གྱི་གཞིས་མིར་གྱུར་པ་རེད། དེ་སྔོན་གྱི་ཞོར་རོགས་གྲོང་སྡེ་ཡུན་རིང་སོང་བས་རྙིང་པ་རྙིང་ཧྲུལ་དུ་ཆགས་ཡོད། ས་གནས་དེ་གའི་སྲིད་གཞུང་གིས2022ལོར་ཡུལ་སྡེ་དར་རྒྱས་ཀྱི་ལས་གཞི་སྐྲུན་འགོ་བཙུགས་ཏེ་མ་དངུལ་བསྡུས་ནས་གསེར་རྟ་རྫོང་མཁར་གྱི་འདབས་རོལ་དུ་ཁང་པ240བསྐྲུན་པར་མ་ཟད། གྲོང་སྡེ་གསར་པའི་སྒྲིག་ཆས་ལེགས་སྒྱུར་རིམ་སྤར་གྱི་རྨང་གཞིའི་ཐོག་གནས་ཚང་ཐོན་ལས་དང་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་ལྟེ་གནས་གསར་དུ་བཙུགས་ཏེ། གནས་དེ་རྫོང་ཡོངས་ཀྱི་སྡོད་ཁང་ཐེབས་ཆག་ཁུལ་སྒྱུར་བཀོད་དང་ཡུལ་སྡེ་དར་རྒྱས་ཀྱི་དཔེ་སྟོན་གྲོང་སྡེ་གསར་པ་ཆགས་པ་རེད།། (རྩོམ་སྒྲིག་པས་བསྒྱུར།)

1 ཞོར་རོགས་གྲོང་སྡེ་གསར་པ།

2 འབྲོག་པ་ཞིག་ཞོར་རོགས་གྲོང་སྡེ་གསར་པར་འགྲོ་བཞིན་པ།

3 ཞོར་རོགས་གྲོང་སྡེ་གསར་པའི་ཁང་གསར་།

4 ཞོར་གྲོགས་གྲོང་སྡེ་གསར་པའི་ཟུར་ཞིག།

5 ཞོར་རོགས་གྲོང་སྡེ་གསར་པར་ཁང་གསར་སྤྲོད་པའི་མཛད་སྒོ་སྤེལ་བ།

6 འབྲོག་པ་ཚོས་ཁང་གསར་ལ་ལྟ་བཞིན་པ།

7 འབྲོག་པ་ཚོས་ཁང་གསར་གྱི་ལྡེ་མིག་ལོན་པ།

8 འབྲོག་པ་ཚོ་ཁང་གསར་ལ་ལྟ་སར་འགྲོ་བཞིན་པ།

9 འབྲོག་པ་ཚོ་ཁང་གསར་དུ་སྐྱོད་བཞིན་པ།