ཆུ་བོ་ལྷོད་ཀྱིས་བཞུར་ཞིང་སྤྲིན་དཀར་དལ་གྱིས་ཉུལ་ བའི་མཚན་ལྗོངས་ཤིག་ལ།
ངས་སྒེའུ་ཁང་འགྲམ་ནས་སྐར་ཚོགས་ལམ་མེར་ཤར་ བའི་མཁའ་དབྱིངས་ལ་བལྟས།
དུས་དེར།
བསིལ་འཇམ་གྱི་རླུང་བུ་ཡིས་ང་ལ་ཚོར་སྣང་མི་འདྲ་བ་ ཞིག་སྟེར་བྱུང་།
ཚོར་སྣང་དེས་ཀྱང་ང་ལ་རྨི་ལམ་གྱི་ཡུལ་གྲུ་ཞིག་བསྐྲུན་ ཡོད་པ་འདྲ།
ཡུལ་གྲུ་དེར་བརྗེད་དཀའ་བའི་དྲན་ཤིང་ཞིག་ ལུས་འདུག།
ཡུལ་གྲུ་དེ་རུ་ངུ་སླ་བའི་ན་ཟུག་ཞིག་ལྷག་འདུག།
རྩྭ་འགོ་ཟིལ་བས་བཏུམས་ཤིང་རི་འགོར་ཉི་འོད་ཕོག་ པའི་ཞོགས་པ་ཞིག་ལ།
ངས་རྫ་འདབས་ཀྱི་སྨུག་ལོང་འཁྲིག་པའི་སྦྲ་ཁྱིམ་དེ་རུ་ བལྟས།
སྐབས་དེར།
ཞོགས་པའི་སྐྱ་རེངས་ཀྱིས་ང་ལ་སེམས་ཚོར་མི་འདྲ་བ་ ཞིག་སྟེར་བྱུང་།
སེམས་ཚོར་དེས་ཀྱང་ང་ལ་རྨི་ལམ་གྱི་འཆར་སྣང་ཞིག་ གནང་ཡོད་པ་འདྲ།
འཆར་སྣང་དེར་བཤད་མི་ཚར་བའི་རྣམ་རྟོག་གིས་ བསྒྲིབས་ཤིང་།
འཆར་སྣང་དེ་རུ་དོན་མི་དཔོག་པའི་བརྗོད་བྱ་ཡིས་ བཟུང་འདུག།
༼ རུས་རྐང་དྭངས་མ། ༽