སྤྱི་ཟླ8པའི་ཚེས19ཉིན་ལ། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གཙང་གསུམ་ཇ་རྟ་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་ཆབ་མདོ་གྲོང་ཁྱེར་ཅིང་ཁྲང་ལུས་རྩལ་རིག་གནས་ལྟེ་གནས་སུ་འགོ་བཙུགས་པ་རེད། ཐེངས་འདིའི་སྒྱུ་རྩལ་དུས་ཆེན་དུ་རིག་གནས་དང་ཡུལ་སྐོར། དཔལ་འབྱོར་ཚོང་གཉེར། མི་རིགས་དམངས་སྲོལ་ལུས་རྩལ། ཡུལ་སྡེ་དར་རྒྱས་ཀྱི་ཐོན་ལས་འཕེལ་རྒྱས་གྲུབ་འབྲས་འོས་སྦྱོར་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།
(རྩོམ་སྒྲིག་པས་བསྒྱུར།)