སྤྱི་ཟླ8པའིཚེས22ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོར་བཞུགས་མོལ་ཚོགས་འདུ་འཚོགས་ནས། བློ་མཐུན་ཏེང་ཞའོ་ཕིང་སྐུ་བལྟམས་ནས་ལོ་ངོ120འཁོར་བར་དྲན་གསོ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས་བློ་མཐུན་ཏེང་ཞའོ་ཕིང་ནི་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀུན་གྱིས་ཁས་ལེན་ཞུ་བའི་བླ་མེད་སྙན་གྲགས་ལྡན་པའི་མགོ་ཁྲིད་ཁྱད་དུ་འཕགས་པ་ཞིག་དང་། རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཏང་གི་མི་རབས་གཉིས་པའི་ཀྲུང་དབྱང་མགོ་ཁྲིད་ཚོགས་པའི་སྲོག་ཤིང་། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱིའི་ཇུས་འགོད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་གྱི་གསར་གཏོད་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་པ་གཙོ་བོ། འཛམ་གླིང་ཞི་བདེ་དང་གོང་འཕེལ་ཆེད་ལེགས་སྐྱེས་གལ་ཆེན་འབུལ་མཁན་རྒྱལ་སྤྱི་རིང་ལུགས་པ་རླབས་པོ་ཆེ་བཅས་ཡིན། ཁོང་གིས་ཏང་དང་མི་དམངས། རྒྱལ་ཁབ། མི་རིགས། འཛམ་གླིང་བཅས་ལ་བྱས་རྗེས་མངོན་གསལ་དོད་པོ་ཕུལ་གནང་བས། ཁོང་གི་མཛད་རྗེས་ལོ་རྒྱུས་དེབ་ཐེར་དུ་བཀོད་ཡོད་ཅིང་། ཁོང་གི་མཛད་རྗེས་ཀྱིས་མི་རབས་རྗེས་མར་ནམ་ཡང་སྐུལ་མ་ཐེབས་བཞིན་ཡོད་ཅེས་ནན་སྟོན་གནང་ཡོད།
( པར་ངོས་བཞི་པར་གཟིགས།)