国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་ གནད་བསྡུས།

༄༅།། སྤྱི་ཟླ8པའི་ཚེས22ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོར་ཤར་ཕྱོགས་གསར་པའི་སློབ་གསོ་ཚན་རྩལ་ཚོགས་པའི་སྤྱི་གཅོད་པ་གཞོན་པ་ཝང་ཞུའེ་ཝུན་དང་བཅས་པར་བཞུགས་མོལ་གནང་བ་དང་། ཕྱོགས་གཉིས་པོས་སྤྱི་ཕན་སློབ་གསོ་དང་། རིག་གནས་ཡུལ་སྐོར། གློག་ཚོང་ཐད་གཏོང་སོགས་ཀྱི་ཐད་ནས་མཉམ་ལས་སྤེལ་བར་སྤེལ་རེས་ཟབ་རྒྱས་བྱས་པ་རེད།།

༄༅།། སྤྱི་ཟླ8པའི་ཚེས22ཉིན་ལ། ཁུལ་ཨུ་སྐབས་ཉི་ཤུ་པའི་རྩིས་བཤེར་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་གཉིས་པ་དང་ཞིང་ཆེན་ཏང་ཨུ་སྐབས་ཉི་ཤུ་པའི་རྩིས་བཤེར་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སྒྲོག་སྦྱོང་བྱས་ཤིང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་རྩིས་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་ཧྲེན་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།།

༄༅།། སྤྱི་ཟླ8པའི་ཚེས21ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས52པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཟླ7པའི་ཚེས25ཉིན་ལ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་གྲོས་ཚོགས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པ་དང་། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་འབྱུང་འཕྲོད་ཕྱོགས་སུ་བསྒྱུར་བའི་སྐོར་གྱི་བསམ་འཆར》དང་། དེ་བཞིན་ཉེ་དུས་ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་སྙིང་དོན་བཅས་སྒྲོག་སྦྱོང་བྱས་ཤིང་། འབྲེལ་ཡོད་བརྗོད་གཞི་ལ་གྲོས་ཞིབ་དང་ཉེ་དུས་ལས་དོན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།།

༄༅།། སྤྱི་ཟླ8པའི་ཚེས22ཉིན་ལ། རང་ཁུལ་གྱིས2024ལོའི་སློབ་དུས་འདིའི་མཐོ་འབྲིང་མཐར་ཕྱིན་སློབ་མ་དང་སློབ་ཆེན་གྱི་སློབ་མ་གསར་པ་ཕུལ་བྱུང་གི་འཐུས་མིར་དགའ་སྐྱེལ་མཛད་སྒོ་སྤེལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡི་མངགས་བཅོལ་ལྟར་ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཚའོ་ཞ་དགའ་སྐྱེལ་མཛད་སྒོར་ཞུགས་ནས། སློབ་ཆེན་དུ་ཞུགས་རན་ཡོད་པའི་སློབ་མ་གསར་པར་སྨོན་འདུན་བཟང་པོ་ཞུ་བ་དང་ཁུལ་ཡོངས་ཀྱི་དགེ་རྒན་རྒྱ་ཆེན་དང་། སློབ་གསོ་ཚོགས་སྒྲིག་ཅན་གྱི་རོགས་སྐྱོར་ཤེས་ལྡན་མི་སྣ་དང་སློབ་གསོ་ལས་སྒྲུབ་པར་མཛའ་བརྩེའི་འཚམས་འདྲི་ཞུས་པ་རེད།།