国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རིག་གནས་གདེང་ཚོད་ཀྱི་བློ་རྩ་བརྟན་པ་དང་། གཞུང་བསྲངས་གསར་གཏོད་རྒྱུན་འཁྱོངས་ཏེ། ཁུལ་ཡོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་བརྒྱུད་འཛིན་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་ཧུར་ཐག་བསྐུལ་དགོས།

ཁུལ་ཡོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་བརྒྱུད་འཛིན་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས།

སྤྱི་ཟླ8པའི་ཚེས26ཉིན་ལ། ཁུལ་ཡོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་བརྒྱུད་འཛིན་གྱི་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་ཤུལ་བཞག་སྲུང་སྐྱོང་བརྒྱུད་འཛིན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ། ལོ་རྒྱུས་ལ་གུས་བཀུར་དང་རིག་གནས་ལ་དགའ་བའི་སེམས་པ་མཐའ་གཅིག་ཏུ་སྲུང་འཁྱོང་དང་། རིག་གནས་གདེང་ཚོད་ཀྱི་བློ་རྩ་བརྟན་པ་དང་། གཞུང་བསྲངས་གསར་གཏོད་རྒྱུན་འཁྱོངས་ཏེ། ཁུལ་ཡོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་བརྒྱུད་འཛིན་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་ཧུར་ཐག་བསྐུལ་ཏེ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་ལེའུ་གསར་པ་བརྩམ་པར་དཀར་མཛེས་ཁུལ་གྱི་བྱས་རྗེས་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཧྲེན་དབྱང་གིས་གསུང་བཤད་ནང་དུ་བསྟན་དོན། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བརྒྱུད་འཛིན་བྱ་རྒྱུ་ནི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དར་སྤེལ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བའི་རིག་གནས་ཀྱི་རྨང་གཞི་ཡིན་ཞིང་། སྤྱི་པའི་རིག་གནས་ཞབས་ཞུ་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་རྒྱག་པའི་འདེགས་སྐྱོར་གལ་ཆེན་ཡིན་ལ། རིག་གནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་གི་བླང་བྱ་ལྡོག་ཏུ་མེད་པ་ཡིན་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་གཞི་ཚུགས་ཤིང་། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བརྒྱུད་འཛིན་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་གོ་གནས་མངོན་གསལ་དུ་བཞག་ཅིང་། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་ཆོས་ཉིད་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་ཟུང་དུ་སྦྲེལ་ཏེ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གསར་འཛུགས་རང་བཞིན་གྱི་སྒྱུར་བ་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བརྒྱུད་འཛིན་ནམ་ཡང་ཐུགས་སུ་བཏགས་ཤིང་ཐུགས་ཁུར་ཚད་མེད་གནང་བ་དང་། སྐུ་ངོ་མས་ཇུས་འགོད་སྐུལ་འདེད་གནང་ནས་རིག་གནས་ཤུལ་བཞག་གི་ལས་དོན་ཡག་པོར་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཞིང་། དགོངས་པ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་རབ་དང་རིམ་པ་བཏོན་གནང་སྟེ་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་གསར་དུ་རིག་གནས་འཛུགས་སྐྱོང་ལས་དོན་ཡག་པོ་བསྒྲུབ་པར་རྩ་བའི་ཆ་ནས་བརྩི་སྲུང་སྤྲད་ཡོད། རིམ་ཁག་དང་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བརྒྱུད་འཛིན་སྐོར་གྱི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་མཐའ་གཅིག་ཏུ་བརྟན་པོར་ཁུར་ཞིང་། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བརྒྱུད་འཛིན་དེ་སྤྱི་ཡོངས་ལས་དོན་གྱི་དེ་བས་མངོན་གསལ་ཆེ་བའི་གོ་གནས་སུ་བཞག་ཅིང་། རིག་གནས་གདེང་ཚོད་བློ་རྩ་བརྟན་པོར་གཏོང་ཞིང་རིག་གནས་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། བསམ་བློ་བཅིངས་འགྲོལ་དང་སྒྲིག་སྲོལ་དང་ལམ་སྲོལ་མཐུན་སྒྲིག་རྒྱུན་ཆད་མེད་པར་བྱས་ནས། དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ཇེ་ཡག་ཏུ་སྐུལ་བར་སྔར་ལས་ལྷག་པར་རིག་གནས་ཀྱི་འཚོ་བཅུད་ཕུན་སུམ་ཚོགས་པ་སྤྲད་དགོས།

( པར་ངོས་བཞི་པར་གཟིགས།)