国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ང་ཡི་མཐོ་སྒང་།

ང་ཡི་མཐོ་སྒང་།

ནོར་ལུག་དང་སྦྲ་གུར་གྱི་ཚོམ་བུའི་རུ་མ་ཡིན།

འོ་ཞོ་དང་མར་ཆུར་གྱི་ཆུ་གཏེར་འཁྱིལ་ས་ཡིན།

མེ་ཏོག་དང་གླུ་སྐད་ཀྱི་མཛེས་སྡུག་འཁོར་

ས་ཡིན།

སྲིད་པའི་མེ་དཔུང་སྒྲོན་ས།

ཁ་བའི་འདབ་སྟོང་འབབ་ས།

ཡུལ་སྦྲ་ནག་ཁྲི་སྡེ་འདི་ཚོ་གཡང་གིས་སྲུང་།

ང་ཡི་མཐོ་སྒང་།

ལོ་ལེགས་དང་འབྲུ་དྲུག་གི་གསེར་བྱེའི་

གཏེར་རྫོང་ཡིན།

ནས་ཆང་དང་སྦྲང་དཀར་གྱི་ཕ་ས་ཕྱུག་མོ་ཡིན།

གཏམ་བརྗོད་དང་བྲོ་གར་གྱི་ནང་རྫོངས་

མཐུག་ས་ཡིན།

སྣོད་ཀྱི་བཀོད་ཆགས་ཡག་ས།

བཅུད་ཀྱི་ལོངས་སྤྱོད་རྒྱས་ས།

ཡུལ་འབྲུ་དྲུག་ཁྲི་སྡེ་འདི་ཚོ་གཡང་གིས་སྲུང་།

ང་ཡི་མཐོ་སྒང་།

ཉི་མ་དང་ཆེས་ཁ་ཐག་ཉེ་སའི་གནས་མལ་ཡིན།

ཟླ་བ་དང་ཆེས་འོད་ཁ་གསལ་སའི་ཞིང་

ཁམས་ཡིན།

ནམ་མཁའ་དང་སྤྲིན་དཀར་གྱི་མཛེས་རིས་

སྤུད་ས་ཡིན།

མཐུན་སྒྲིལ་ཨ་ལུང་དམ་ས།

སྐྱིད་པའི་གླུ་གར་རོལ་ས།

ཡུལ་གངས་ཅན་ཕ་ཡུལ་འདི་ཚོ་གཡང་

གིས་སྲུང་།

ང་ཡི་མཐོ་སྒང་།

བྱམས་བརྩེ་དང་ལྷག་བསམ་གྱི་ཁམས་

དཀར་འབབ་ས་ཡིན།

སྙིང་རྗེ་དང་གཞན་ཕན་གྱི་སྦྲང་ཆར་འཇོ་

ས་ཡིན།

ཐབས་ཤེས་དང་ལུགས་གཉིས་ཀྱི་ཉི་ཟླ་གསལ་

ས་ཡིན།

ལོ་རྒྱུས་རྡོ་རིང་བརྗིད་ས།

ཤེས་རིག་དབུ་འཕང་མཐོ་ས།

ཡུལ་གངས་ཅན་གཙུག་ལག་འདི་ཚོ་གཡང་

གིས་སྲུང་།

༼ སྒོ་སྤྲེལ་ངེས་དོན། ༽