国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)

ཧྲེན་དབྱང་གིས་བསྟན་དོན། དཀར་མཛེས་ཁུལ་ནི་ཀྲུང་ཧྭའི་ཤེས་དཔལ་སྣ་མང་གཞི་གཅིག་ཏུ་འཕེལ་རྒྱས་འགྲོ་བའི་ཆེས་གསོན་ཉམས་ལྡན་པའི་ལག་ལེན་བསྟར་ས་ཞིག་ཡིན་པའི་ཆ་ནས། ལོ་རྒྱུས་གཏིང་ཟབ་ཅིང་རིག་གནས་ཤུལ་བཞག་ངོ་མཚར་འབར་བ་དང་། ས་ཁོངས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་རེད། དཀར་མཛེས་ཁུལ་གྱི་རིག་གནས་རྩ་ཆེན་སྲུང་སྐྱོང་ཡག་པོ་དང་བརྒྱུད་འཛིན་ཡག་པོ། འཕེལ་རྒྱས་ཡག་པོ་གཏོང་བ་ནི་ང་ཚོས་དོར་ཐབས་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་དུས་རབས་ཀྱི་ལས་འགན་ཡིན། དུས་རབས་གསར་པར་སླེབས་པ་ནས་བཟུང་། དཀར་མཛེས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བ་གཙོ་ཕྱོགས་སུ་བྱས་ཤིང་། རྒྱལ་ཁབ་ཀྱི་རིག་གནས་གླིང་ག་འཛུགས་སྐྲུན་ལ་སྐུལ་བ་གཙོ་གནད་དུ་བྱས་པ། ས་ཁོངས་ཡོངས་ཀྱི་དངོས་མང་བཤམ་སྟོན་ཁང་གི་ཁུལ་གསར་དུ་འཛུགས་པ་ཁྲིད་སྣེར་བྱས་ཏེ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་རིན་ཐང་ཞིབ་འཇུག་བྱེད་ཤུགས་རྒྱུན་མཐུད་དེ་ཆེ་རུ་གཏོང་བ་དང་། མ་ལག་ཅན་གྱིས་བརྒྱུད་འཛིན་འཕེལ་རྒྱས་ལ་སྐུལ་བ། རིམ་པ་མང་པོས་སྒྱུར་སྤྱོད་ལ་བསྐུལ་ཏེ་རིག་གནས་ཤུལ་བཞག་ཕྱོགས་བསྡུས་སྲུང་སྐྱོང་དང་བེད་སྤྱོད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་མོད། འོན་ཀྱང་ལས་ཀའི་ཁྲོད་དུ་སྔར་བཞིན་ཞན་ཆ་དང་མི་འདང་ས་ཁ་ཤས་ཡོད་པ་རིག་པ་དྭངས་གསལ་གྱིས་མཐོང་ཐུབ་དགོས། ད་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཁུལ་ཡོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་བརྒྱུད་འཛིན་ལས་ཀ་ཡག་པོར་བསྒྲུབ་པར། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཤིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། སྲུང་སྐྱོང་ཨང་དང་པོ་དང་བརྒྱུད་འཛིན་སྔོན་ཐོབ་རྒྱུན་འཁྱོངས་པ། མ་ལག་ཅན་གྱི་སྒོ་ནས་ཁྲིམས་འཛུགས་ཀྱིས་སྲུང་སྐྱོང་དང་སྲིད་ཇུས་གིས་སྲུང་སྐྱོང་དང་། རྒྱུད་རིམ་གྱིས་སྲུང་སྐྱོང་། ཚོད་ལྟས་སྲུང་སྐྱོང་བཅས་ལ་སྐུལ་ཅིང་། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། མི་དམངས་གཙིགས་སུ་འཛིན་པ། ཁྲིམས་ལྟར་སྲུང་སྐྱོང་དང་བརྒྱུད་འཛིན། བསྒྱུར་བཅོས་གསར་གཏོད་རྒྱུན་མཐུད་པ། སྒོ་འབྱེད་དང་ཁོང་ཡངས་མངོན་པར་གསལ་བ། མཉམ་འདྲེས་འཕེལ་རྒྱས་ལ་དོ་སྣང་བཅས་ཀྱི་རྩ་དོན་དྲུག་ཁོང་དུ་ཆུད་པར་བྱས་ནས། ཁུལ་ཡོངས་ཀྱི་རིག་གནས་ཤུལ་བཞག་ལས་དོན་ཡག་པོ་སྒྲུབ་པ་དང་། དུས་རབས་གསར་པའི་རིག་གནས་སྟོབས་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པའི་ནང་དུ་རིག་གནས་ཀྱི་སྟོབས་ཤུགས་ཆེན་པོ་བསྣན་དགོས།

ཧྲེན་དབྱང་གིས་ཁྱོན་ཡོངས་ནས་རིག་གནས་སྟོབས་ཆེན་ཁུལ་འཛུགས་པར་དཀར་མཛེས་ཁུལ་གྱི་དོན་དངོས་དང་བསྟུན་པ་རྒྱུན་འཁྱོངས་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བརྒྱུད་འཛིན་གྱི་གཙོ་གནད་ལས་འགན་ལ་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱ་དགོས་པ་དང་། རིམ་ཁག་ཏང་ཨུ་དང་སྲིད་གཞུང་། གཙོ་འགན་ལས་ཁུངས་དང་འགན་འཁུར་གཙོ་བོས་འགན་ཆེན་ཧུར་ཐག་འཁུར་བ་དང་། ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་རྒྱ་ཁྱབ་ངང་ཞུགས་ནས། མི་ཚང་མས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་བརྒྱུད་འཛིན་སྤེལ་གསུམ་བྱེད་པའི་རྣམ་པ་གསོན་ཉམས་ལྡན་པ་ཆགས་པར་བྱ་དགོས་པའི་བླང་བྱ་བཏོན་པ་རེད།། ( སྐལ་ཐུབ་ཀྱིས་བསྒྱུར།)