国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱར་ཁ།

ཉི་མའི་ཟེར་བརྒྱ་གླིང་ལ་འཐོར།།

ས་ཆེན་པང་ལ་བྱིན་རླབས་སྨིན།།

རླུང་བུ་རེ་ལ་བྱམས་བརྩེས་ཁེངས།།

མེ་ཏོག་རེ་ལ་སྙིང་རྗེ་འཛུམ།།

འཁོར་བའི་སྙན་པ་ཁྱོད་ལ་འཛུམ།།

ཆར་གྱི་དངོས་གྲུབ་ཡུལ་ལ་ཐོབ།།

འདབ་བརྒྱད་ས་ལ་རྩི་ཏོག་འཁྲུངས།།

གཙང་པོའི་ཆུ་ལ་གླུ་སྐད་འཁོར།།

ཟིལ་བའི་ནང་ལ་བདུད་རྩི་འཁྱིལ།།

སྣང་བའི་འཛུམ་ཆུང་ཁྱོད་ལ་ཤར།།

འཇའ་ཡི་ཁ་རྒྱན་རི་ལ་འཐེན།།

རྫ་ཡི་རི་དྭགས་རླུང་ལ་འདྲོགས།།

དགའ་ལྡན་ནགས་ལ་བྱ་བརྒྱ་འཁོར།།

སེམས་ཀྱི་ཕྱག་ཟུང་སྤང་ལ་འཁྱུད།།

ལས་ཀྱི་མཚར་སྡུག་ཁྱོད་ལ་བཞད།།

༼ ལོ་ཤུལ་བཀྲ་ནོར། ༽