国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱར་གཞུང་གི་ ལང་ཚོ།

རི་བོ་ནགས་ཀྱིས་དཀྲིས་པའི་ལུང་མཐའ་ན། །

རྫ་ཆུ་སྙན་མོ་ཤག་ཤག་རྣ་བའི་དཔྱིད། །

རབ་སྔོ་དབྱར་གྱི་ལང་ཚོ་ལྟ་ན་སྡུག །

དབྱར་གཞུང་ན་ཆུང་ཐང་ལ་རྩེད་དགའ་རོལ། །

ཚོགས་དྲུག་རྣམ་ཤེས་འགུགས་པའི་སྤང་ལྗོངས་ལ།།

ཡིད་འོང་མཛེས་པའི་མེ་ཏོག་སྙིང་ལ་དྲོ། །

ཁུ་བྱུག་འཇོལ་མོ་གཉིས་ཀྱི་སྙན་པ་དེས། །

དབྱར་དུས་སྐྱིད་ཀྱི་ཚེས་ཆས་རང་སེམས་བདེ། །

མ་བཀྲམ་རང་བྱུང་ལང་ཚོའི་ཞིང་ཁམས་སུ། །

མ་སྒྲིག་སྙན་པའི་བསྡེབས་ཆ་ཁུ་བྱུག་སྙན། །

མ་བྱས་རྐང་དྲུག་བུང་བའི་གཤོག་རྩལ་བདེ། །

མ་བཀོད་དབྱར་གྱི་དུས་བཟང་ཨེ་མ་ཧོ། །

མ་བྱས་རང་བྱུང་ཁམས་ཀྱི་སྤང་ཐང་དུ། །

མ་བཀོད་ཁྲ་ཚོམ་མེ་ཏོག་མགོ་བོ་ལྡེམ། །

མ་ལུས་རི་ཆུ་ཡིད་འཕྲོག་མིག་གི་དཔལ། །

མ་བཅོས་ཚོར་བའི་དབྱར་གྱི་དུས་བཟང་ལགས། །

༼ རང་མདངས། ༽