ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། སྤྱི་ཟླ8ཚེས28ཉིན་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བསྟར་བའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྙན་སེང་ཚོགས་འདུ་དར་མདོར་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཡན་ལག་ཚོགས་པ་བཞི་པའི་འགན་ཁུར་བ། ཞིང་ཆེན་ཏང་གི་སློབ་གྲྭའི(སི་ཁྲོན་སྲིད་འཛིན་སློབ་གླིང)རྒྱུན་ལས་སློབ་གཙོ་གཞོན་པ་ལི་ཞིན་གྱིས་སྒྲོག་འགྲེལ་སྙན་སེང་ཞུས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
( པར་ངོས་གཉིས་པར་གཟིགས།)