( པར་ངོས་དང་པོར་མཐུད།)
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རུང་སྙན་སེང་ཚོགས་འདུར་ཞུགས་ཡོད།
སྙན་སེང་ཚོགས་འདུར་ལི་ཞིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་གནང་བའི་གསུང་བཤད་གལ་ཆེན་དགོངས་པ་དང་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《ཆོད་དོན》སློབ་སྦྱོང་དང་ལག་ལེན་བསྟར་བར་དམ་པོར་དམིགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་སྤྱི་ཡོངས་ཀྱི་བླང་བྱ་དང་བྱེད་ཐབས་གལ་ཆེན། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་ཡོང་བའི་གཞི་རྩའི་བླང་བྱ་བཅས་ཁོང་དུ་ཆུད་དགོས་པ་ཕྱོགས་ལྔ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལ་ཕྲ་ཞིབ་འཐུས་འདོམས་ཀྱིས་རྒྱས་འགྲེལ་གནང་བ་དང་ཆབས་ཅིག། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དོན་ཐོག་འཁྱོལ་བར་བླང་བྱ་བཏོན་པ་རེད། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་སྙན་སེང་ཚོགས་འདུར་དོན་སྙིང་གལ་ཆེན་དང་གྲུབ་འབྲས་གལ་ཆེན། སྤྱི་ཡོངས་བླང་བྱ། བྱེད་ཐབས་གལ་ཆེན། གཞི་རྩའི་བླང་བྱ་བཅས་ཀྱི་ཐད་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་རྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་རྒྱས་འགྲེལ་བ་དང་སྦྲགས། དཀར་མཛེས་ཁུལ་གྱི་དོན་དངོས་དང་ཟུང་དུ་སྦྲེལ་ནས་དམིགས་ས་ཡོད་པའི་ལས་དོན་གྲོས་འགོ་བཏོན་ཡོད་ཅིང་། བསམ་བློ་དང་མཛུབ་སྟོན། ལག་ལེན་བཅས་ཀྱི་རང་བཞིན་ཧ་ཅང་ཆེ་བས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སྔར་བས་ཤེས་རྟོགས་དང་ཁོང་དུ་ཆུད་ནས། ཏང་ཀྲུང་དབྱང་གི་བསྒྱུར་བཅོས་ཐབས་ཇུས་བཀོད་སྒྲིག་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་བའི་སྒུལ་ཤུགས་ཆེན་པོ་དང་དོན་གནས་བྱེད་ཐབས། བྱ་སྤྱོད་ཞིབ་ཕྲ་རུ་ཧུར་ཐག་བསྒྱུར་དགོས།
ཧྲེན་དབྱང་གིས་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སྦྱངས་ནས་གོ་བ་དཔྱིས་ཕྱིན་པ་ལོན་པ་ད་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་རབ་དང་རིམ་པ་སྦྱངས་ནས་གོ་བ་ལོན་པ་དང་ཟུང་དུ་སྦྲེལ་བ་དང་། ད་ཐེངས་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱས་ནས་སྦྱང་དགོས་ཤིང་། དེའི་ནང་དོན་ཕུན་སུམ་ཚོགས་པ་དང་ངོ་བོ་སྙིང་དོན། ལག་ལེན་བླང་བྱ་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། དེས་དཀར་མཛེས་ཁུལ་གྱི་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་ཟབ་ཏུ་སྤེལ་བར་མཐའ་གཅིག་ཏུ་སྤྱི་འདོམས་བྱ་དགོས། སྦྱངས་ནས་དོན་ཤེས་པ་དང་བསམས་ནས་གདེང་རྙེད་པ། སྤྱད་ནས་ལག་ལེན་ཧུར་ཐག་བསྟར་དགོས། གཅིག་བསྡུས་ཀྱིས་སྒྲོག་འགྲེལ་རྒྱ་ཆེན་བྱེད་པ་དང་། གོང་གིས་འོག་ལ་སྣེ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་རྒྱུན་འཁྱོངས་པ་དང་། ཁ་གཏད་ཅན་དང་ཚོགས་བགོས་ཅན། མཉམ་འགུལ་ཅན་གྱི་སྒྲོག་འགྲེལ་ཐབས་གཉེར་བ། འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས། དྲྭ་ཐོག་དང་དྲྭ་ཕྱི་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བར་སྤྱི་འདོམས། སྐད་ཆ་གོ་སླ་བ་དང་དན་གྲངས་བདེན་པ། དཔེ་མཚོན་གསོན་ཉམས་ལྡན་པ་སྤྱད་ནས་ཏང་ཀྲུང་དབྱང་གི་སྙིང་དོན་མཐར་ཕྱིན་བཀྲོལ་ཏེ། ཏང་མི་དང་ལས་བྱེད་པ། མང་ཚོགས་རྒྱ་ཆེན་གྱིས་དངོས་གནས་གོ་ཐུབ་པ་དང་། སེམས་ལ་འཇགས་ཐུབ་པ། བེད་སྤྱོད་ཐུབ་པ་བཅས་བྱ་དགོས། དོན་ལ་འཁྱོལ་བ་རྒྱུན་མཐུད་ངང་དམ་འཛིན་ཡག་པོར་བྱ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བསྟར་བ་ད་ལྟའི་ལས་དོན་ཡག་པོ་སྒྲུབ་པ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་སྐུལ་བ་དང་ཟུང་དུ་སྦྲེལ་ཅིང་། ཀྲུང་དབྱང་དང་ཞིང་ཆེན་གྱི་སྙིང་དོན་དང་མཐུན་ཞིང་ས་གནས་དེ་ག་དང་སྡེ་ཚན་དེ་གའི་དོན་དངོས་དང་མཐུན་པའི་བསྒྱུར་བཅོས་བྱེད་ཐབས་ཁག་ཅིག་བློ་ཞིབ་མོས་ཇུས་འགོད་བྱས་ཏེ། ཏང་ཀྲུང་དབྱང་གི་བསྒྱུར་བཅོས་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བསྒྱུར་བཅོས་ལས་དོན་བཀོད་སྒྲིག་དཀར་མཛེས་ཁུལ་དུ་དོན་ལ་འཁྱོལ་ནས་ཕན་འབྲས་ཐོན་པར་མཐའ་གཅིག་ཏུ་བསྐུལ་དགོས།
ཁུལ་ཨུ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་དང་། དར་མདོར་ཡོད་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི། ཁུལ་རིམ་པའི་སྡེ་ཁག། ཞིང་ཆེན་དང་ཁུལ་ཐད་གཏོགས་སྲིད་འཛིན་དང་ཁེ་ལས་དོན་ལས་སྡེ་ཚན་གྱི་འགན་ཁུར་བློ་མཐུན་གཙོ་བོ་དང་། ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་འགའ་ཞིག། ཁུལ་ཨུ་ཏང་གི་སློབ་གྲྭ། ཁུལ་མི་རིགས་ལས་བྱེད་སློབ་གྲྭ། ཁུལ་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས། སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་མར་ཁེ་སིའི་རིང་ལུགས་སློབ་གླིང་གི་དགེ་རྒན་གྱི་འཐུས་མི། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱི་འགན་ཁུར་བློ་མཐུན་གཙོ་བོའི་འཐུས་མི། ཏང་སྲིད་ཁེ་ལས་དང་དོན་ལས་ཀྱི་ལས་བྱེད་པ་དང་ལས་བཟོ་པ། གཞི་རིམ་མང་ཚོགས་ཀྱི་འཐུས་མི་དང་དགོན་སྡེའི་གྲྭ་བཙུན་འཐུས་མི་སོགས་ཁྱོན་མི 240 ལྷག་སྙན་སེང་ཚོགས་འདུར་ཞུགས་ཡོད་པ་རེད།། (སྐལ་ཐུབ་ཀྱིས་བསྒྱུར།)