ང་ནི་རི་བོ་འདིའི་ཕ་རོལ་བརྒལ་འདོད་ལ།
གཙང་པོ་འདིའི་རྒྱང་གཟུགས་ལ་ལྟ་འདོད།
ཉག་ཉོག་གི་ཁོར་ཡུག་དང་རླུང་ནག་གི་ཚིག་རྩུབ་ལ་བྲལ་འདོད།
ད་རུང་ངས་ཕྱི་ཡུལ་གྱི་མཛེས་ལྗོངས་དང་རྣམ་པ།
ཁོར་ཡུག། འགྲོ་ལུགས་དང་འདུག་ལུགས།
མདོར་ན་བཤད་ལུགས་སོགས་ཀུན་མཐུན་གྱི་སྤྱོད་པ་དང་ལྟ་བ་ལ་མྱོང་
རོལ་བྱེད་འདོད།
ངན་སྨོད་སྡུག་སྨོད་ལ་སྔོན་ནས་སུན་དེ།
བཟོད་སྒོམ་དང་གུས་བཀུར་གྱི་ཐ་སྙད་ལ་རེ་ཐག་ཆད།
གནས་འདི་ནས་འཚོ་སྡོད་ཀྱི་ཕུགས་འདུན་མེད་ལ་ཡིད་ཆེས་ཀྱང་མེད།
ང་གང་དུ་ཆས་གང་དུ་བསྡད།
ཚིག་ངན་གྱི་རལ་གྲི་དང་དབུ་འཕང་གི་འགྲོ་འདུག་མེད་པའི་གནས་
ལ་ལྷུང་།
དབུ་ཁྲིད་ལ་དྲང་བདེན་དང་འཁོར་འབངས་ལ་གུས་ལུགས།
ཚིག་ངན་དང་ཞི་དྲག་ལ་མི་ལྟ་བའི་གནས།
ཕྱིའི་སྤྱི་མཐུན་ལ་དགའ་བའི་རང་དབང་གི་ལམ་ཁ་ཞིག་ལ་
བསྙེག་འདོད།