ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ8ཚེས31ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ9ཚེས1ཉིན་བཏོན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས17པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀུན་སྤྱོད་དང་། ཤེས་རིག། ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྗེས་འཛིན་པ་གསོ་སྐྱོང་བྱ་དགོས》ཞེས་པ་བཀོད་ཡོད་པ་རེད།
རྩོམ་ཡིག་ནང་ནན་བཤད་བྱས་དོན། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་ནི་སློབ་གསོའི་གནད་དོན་ཨང་དང་པོ་རེད། རང་རྒྱལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས། ང་ཚོས་སློབ་གསོའི་ཐད་ངེས་པར་དུ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྗེས་འཛིན་པ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་ལ་བརྩིས་ཏེ། མི་རབས་ནས་མི་རབས་བར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་བ་དང་། བློ་ཐག་ཆོད་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དོན་དུ་ཚེ་གང་འབད་འཐབ་བྱེད་མཁན་གྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་པ་གསོ་སྐྱོང་བྱ་དགོས། ཚང་མས་མི་སྣ་གསོ་སྐྱོང་དང་། བརྒྱུད་རིམ་ཧྲིལ་པོའི་མི་སྣ་གསོ་སྐྱོང་། ཕྱོགས་ཡོངས་ནས་མི་སྣ་གསོ་སྐྱོང་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། མི་རབས་ནས་མི་རབས་བར་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྗེས་འཛིན་པ་གསོ་སྐྱོང་རྒྱུན་ཆད་མེད་པར་བྱ་དགོས། དེ་ནི་སློབ་གསོའི་ལས་དོན་གྱི་རྩ་བའི་ལས་འགན་ཡིན་ལ། སློབ་གསོ་དེང་རབས་ཅན་གྱི་ཁ་ཕྱོགས་དང་དམིགས་ཚད་ཀྱང་ཡིན།
རྩོམ་ཡིག་ནང་བསྟན་དོན། ང་ཚོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྗེས་འཛིན་པ་གསོ་སྐྱོང་བྱེད་པར་གཞི་རྩའི་བྱང་ཚད་དང་བསམ་བློའི་འཁྱེར་སོ་གང་འདྲ་ཞིག་ངེས་པར་དུ་ལྡན་དགོས་པ་དང་གསོ་སྐྱོང་ཇི་ལྟར་བྱ་དགོས་པའི་འགག་རྩ་ནི་གཤམ་གསལ་ཕྱོགས་འགའི་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་སྟེ། གཅིག་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བའི་ཐད་འབད་བརྩོན་བྱ་དགོས་ཤིང་། ང་ཚོས་གསོ་སྐྱོང་བྱེད་པའི་མི་རྣམས་ལ་ངེས་པར་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་བཅང་དགོས་པ་དང་། སློབ་མའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཆེ་རུ་བཏང་ནས་སེམས་ཐག་ཆོད་པོས་མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་དགོས། གཉིས་ནས་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བའི་ཐད་འབད་བརྩོན་བྱ་དགོས་ཤིང་། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཀྱི་སེམས་པ་དང་མི་རིགས་ཀྱི་བླ་སྲོག་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྗེས་འཛིན་པ་གསོ་སྐྱོང་བྱེད་པར་དང་ཐོག་སློབ་མའི་རྒྱལ་གཅེས་ཀྱི་བརྩེ་སེམས་གསོ་སྐྱོང་བྱ་དགོས་པ་དང་། སློབ་མས་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་དང་བརྩི་བཀུར་བྱས་ནས་སེམས་ཐག་ཆོད་པོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་དང་། སེམས་ཐག་ཆོད་པོས་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་དང་རྒྱལ་ཁབ་ལ་བྱས་རྗེས་འབུལ་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱ་དགོས། གསུམ་ནས་ཀུན་སྤྱོད་བློ་སྦྱོང་ལ་ཤུགས་རྒྱག་པའི་ཐད་འབད་བརྩོན་བྱ་དགོས་ཤིང་། ཀུན་སྤྱོད་སྔོན་ལ་སྐྱོང་བ་དང་རང་གཅུན་རྩ་བར་འཛིན་པ་དེ་ནི་ཤེས་ལྡན་པ་འཚར་ལོངས་ཡོང་བའི་གཞི་རྩའི་གཏན་ཚིགས་ཡིན། སློབ་མས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་གསོ་སྐྱོང་དང་ལག་ལེན་བསྟར་བར་སློབ་གསོ་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་གཤིས་སྤྱོད་ལ་བརྟེན་ནས་རང་ཉིད་ལ་ཕན་འདོགས་པ་དང་། ཀུན་སྤྱོད་ལ་བརྟེན་ནས་སེམས་པ་བཟང་པོར་བྱེད་པ། ( པར་ངོས་གཉིས་པར་གཟིགས།)