国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






(པར་ངོས་དང་པོར་མཐུད།)ཤེས་ཡོན་ལ་བརྟེན་ནས་བླ་སྲོག་སྐྱོང་བ་བཅས་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་གཤིས་སྤྱོད་བཟང་པོ་འཇགས་པར་བྱས་ནས་གཅེས་སེམས་ཟབ་མོ་དང་། ཡོན་ཏན་གྱི་བདག་པོ། བསམ་ཚུལ་ཆེན་པོ་བཅས་ལྡན་པའི་མི་ཞིག་ལ་འགྱུར་བ་བྱ་དགོས། བཞི་ནས་ཤེས་རྒྱ་དང་མཐོང་རྒྱ་ཆེ་རུ་གཏོང་བའི་ཐད་འབད་བརྩོན་བྱ་དགོས་ཤིང་། ཤེས་བྱ་སྦྱོང་བ་ནི་སློབ་མའི་ལས་འགན་ཡིན། སློབ་མས་སློབ་སྦྱོང་གི་དུས་ཚོད་ལ་གཅེས་སྤྲས་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ཤེས་བྱ་སྦྱོང་བ། སློབ་སྦྱོང་ཁྲོད་མཐོང་རྒྱ་ཆེ་རུ་གཏོང་བ་དང་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་བདེན་དོན་དོན་གཉེར་དང་། གནས་ལུགས་རྟོགས་པ། དོན་དངོས་གསལ་རྟོགས་བཅས་ཀྱི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་པར་སློབ་གསོ་ཁྲིད་སྟོན་བྱ་དགོས། ལྔ་ནས་འབད་འཐབ་ཀྱི་སྙིང་སྟོབས་གསོ་སྐྱོང་བྱེད་པའི་ཐད་འབད་བརྩོན་བྱ་དགོས་ཤིང་། སློབ་མར་ཕུགས་བསམ་ཆེན་པོ་བཅང་བ་དང་། འགན་འཁྲི་འཁུར་ཕོད་པ། འབད་འཐབ་ལྷོད་མེད་ཀྱི་སྙིང་སྟོབས་སྦྱོང་བརྡར་སྤྲོས་པ། འབད་འཐབ་བྱེད་ཕོད་པའི་བསམ་བློའི་འཁྱེར་སོ་དང་སྤྲོ་སྣང་ཡར་ཐོན་གྱི་མི་ཚེའི་རྣམ་འགྱུར་ལྡན་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཤེས་སྦྱོར་གཅིག་མཐུན་ཐུབ་པ་དང་། ཡར་ཐོན་གྱི་བསམ་པ་ལྡན་ལ་འབད་བརྩོན་ལྷོད་མེད་ཀྱང་བྱེད་ཐུབ་པ་བྱ་དགོས། དྲུག་ནས་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བའི་ཐད་འབད་བརྩོན་བྱ་དགོས་ཤིང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྗེས་འཛིན་པ་ངེས་པར་དུ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏང་དགོས། སློབ་མར་ཕྱོགས་བསྡུས་ནུས་པ་གསོ་སྐྱོང་དང་གསར་གཏོད་ཀྱི་བསམ་གཞིགས་སྐྱེད་སྲིང་ལ་སློབ་གསོ་ཁྲིད་སྟོན་བྱ་དགོས།

བདེ་ཐང་ཨང་དང་པོར་འཇོག་པའི་སློབ་གསོའི་འདུ་ཤེས་བཅངས་ནས་ལུས་རྩལ་སློབ་ཚན་འདང་ངེས་དང་འཐུས་ཚང་འཚོག་དགོས། སློབ་གྲྭའི་མཛེས་དཔྱོད་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་རྒྱག་པ་དང་ལེགས་བཅོས་བྱས་ཏེ་སློབ་མའི་མཛེས་དཔྱོད་དང་མི་ཆོས་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏང་དགོས། སློབ་མའི་ཁྲོད་དུ་ངལ་རྩོལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་སློབ་མ་ཚོས་ངལ་རྩོལ་ལ་བརྩི་མཐོང་དང་བརྩི་འཇོག་བྱེད་པར་སློབ་གསོ་ཁྲིད་སྟོན་བྱ་དགོས།

རྩོམ་ཡིག་ནང་བསྟན་དོན། ཀུན་སྤྱོད་དང་། ཤེས་རིག། ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་སྐྱོང་བའི་སློབ་གསོའི་མ་ལག་ཧུར་ཐག་བསྐྲུན་ནས་ཆུ་ཚད་དེ་བས་མཐོ་བའི་ཤེས་ལྡན་པའི་གསོ་སྐྱོང་མ་ལག་ཆགས་པར་བྱ་དགོས། མི་བཟང་གསོ་སྐྱོང་བྱ་རྒྱུ་དེ་བསམ་བློ་ཀུན་སྤྱོད་སློབ་གསོ་དང་། རིག་གནས་ཤེས་བྱའི་སློབ་གསོ། སྤྱི་ཚོགས་ལག་ལེན་སློབ་གསོ་བཅས་ཀྱི་གནད་ཐུག་ས་ཁག་དང་མཉམ་འདྲེས་བྱས་ནས་རྨང་གཞིའི་སློབ་གསོ་དང་། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་བཅས་ཀྱི་ཁྱབ་ཁོངས་ཁག་ལ་ཁྱབ་པ་དང་། རིག་ཚན་མ་ལག་དང་། སློབ་ཁྲིད་མ་ལག། བསླབ་གཞིའི་མ་ལག། དོ་དམ་མ་ལག་བཅས་ཀྱིས་དམིགས་ཚད་དེར་དམིགས་ནས་ཇུས་འགོད་དང་། དགེ་རྒན་གྱིས་དམིགས་ཚད་དེར་དམིགས་ནས་སློབ་ཚན་ཁྲིད་པ། སློབ་མས་དམིགས་ཚད་དེར་དམིགས་ནས་སློབ་སྦྱོང་བཅས་བྱ་དགོས། དམིགས་ཡུལ་འདི་མངོན་འགྱུར་བྱེད་པར་ཕན་ཐོགས་མེད་པའི་བྱེད་སྟངས་ཚང་མ་བསྒྱུར་བཅོས་མཐའ་གཅིག་ཏུ་བྱ་དགོས།

རྩོམ་ཡིག་ནང་ནན་བཤད་བྱས་དོན། བསླབ་གཞི་འཛུགས་སྐྱོང་ལ་སྣང་ཆེན་བྱ་དགོས། བསླབ་གཞི་ནི་ཤེས་བྱ་ཁྱབ་སྤེལ་གཏོང་བའི་གཞི་རྟེན་གཙོ་བོ་ཡིན་པ་དང་། དེས་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་རིན་ཐང་འདུ་ཤེས་མ་ལག་མཚོན་གྱི་ཡོད་ལ། དེ་ནི་དགེ་རྒན་གྱིས་སློབ་ཁྲིད་དང་སློབ་མས་སློབ་སྦྱོང་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན། བསླབ་གཞིས་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་ཀྱིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་བླང་བྱ་མཚོན་པ་དང་། ཀྲུང་གོ་དང་ཀྲུང་ཧྭ་མི་རིགས་ཀྱི་ཉམས་འགྱུར་མཚོན་པ། ཏང་དང་རྒྱལ་ཁབ་ཀྱིས་སློབ་གསོར་བཏོན་པའི་གཞི་རྩའི་བླང་བྱ་མཚོན་པ། རྒྱལ་ཁབ་དང་མི་རིགས་ཀྱི་གཞི་རྩའི་རིན་ཐང་ལྟ་བ་མཚོན་པ། མིའི་རིགས་ཀྱི་རིག་གནས་ཤེས་བྱ་གསོག་འཇོག་དང་གསར་གཏོད་གྲུབ་འབྲས་མཚོན་པ་བཅས་བྱ་དགོས།།

( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས། )