国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་དུ་རྒྱལ་ཁབ་ཀྱིAགསུམ་རིམ་པའི་ ལྗོངས་ཁུལ15གསར་དུ་འཕར་ཡོད།

བརྒྱད་ཟིལ་རྫོང་ཚར་ཉི་རོང་བོད་གྲོང་ཡུལ་སྐོར་ལྗོངས་ཁུལ།

དཀར་མཛེས་རྫོང་གེ་སར་རྒྱལ་པོ་ནས་རིག་གནས་ཡུལ་སྐོར་ལྗོངས་ཁུལ།

བྲག་མགོ་རྫོང་གཤིས་ཆུ་དང་ཟླ་ཆུ་ཡུལ་སྐོར་ལྗོངས་ཁུལ།

འབའ་ཐང་རྫོང་གེ་མོ་ཡུལ་སྐོར་ལྗོངས་ཁུལ།

དར་མདོ་གྲོང་ཁྱེར་མཐིལ་དབུས་གྲོང་སྡེ་གངས་དཀར་འོ་སེ་མེ་ཏོག་ཡུལ་སྐོར་ལྗོངས་ཁུལ།

སྤྱི་ཟླ8པའི་ཚེས1ཉིན། དཀར་མཛེས་ཁུལ་ཡུལ་སྐོར་ཐོན་ཁུངས་འཆར་འགོད་གསར་སྤེལ་སྤུས་ཚད་དཔྱད་འབེབས་ཨུ་ལྷན་གྱིས་དཀར་མཛེས་ཁུལ་གྱི་ལྗོངས་ཁུལ15ལ་རྒྱབ་ཁབ་ཀྱིAགསུམ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་མཚན་སྙན་ཐོབ་པ་སྤྱི་བསྒྲགས་བྱས་པ་རེད། ད་སྔའི་བར་ཁུལ་ཡོངས་ལ་རྒྱབ་ཁབ་ཀྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ116ཡོད་ཅིང་། དེའི་ནངAལྔ་རིམ་པའི་ལྗོངས་ཁུལ2དངAབཞི་རིམ་པའི་ལྗོངས་ཁུལ28དང་། Aགསུམ་རིམ་པའི་ལྗོངས་ཁུལ86ཡོད་པས། རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་སྤྱི་འབོར་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

ད་ཐེངས་རྒྱལ་ཁབ་ཀྱིAགསུམ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ15ནི་དཀར་མཛེས་ཁུལ་གྱི་རྫོང་དང་གྲོང་ཁྱེར9དང་འབྲེལ་ཡོད་པ་རེད། དེ་ནི་རྟའུ་རྫོང་དགྱེས་ཡུམ་ལྷ་མཚོ་ཡུལ་སྐོར་ལྗོངས་ཁུལ་དང་། ཉི་ཟླ་སྐར་མཚེའུ་ཡུལ་སྐོར་ལྗོངས་ཁུལ། བརྒྱད་ཟིལ་རྫོང་ཧ་ཁྱུང་ཡུལ་སྐོར་ལྗོངས་ཁུལ།ཚར་ཉི་རོང་བོད་གྲོང་ཡུལ་སྐོར་ལྗོངས་ཁུལ། ཐང་མགོ་ཡུལ་ཤོག་ནོར་གནག་ཕ་ས་ཡུལ་སྐོར་ལྗོངས་ཁུལ། དཀར་མཛེས་རྫོང་དམག་འཛོམས་ཆུ་ཚན་གྲོང་ཡུལ་སྐོར་ལྗོངས་ཁུལ། སྐུ་འབུམ་ཞབས་གནའ་གྲོང་ཡུལ་སྐོར་ལྗོངས་ཁུལ། སྟག་གླང་རི་མཁའ་དབྱིངས་གུར་གྲོང་ཡུལ་སྐོར་ལྗོངས་ཁུལ།གེ་སར་རྒྱལ་པོ་ནས་རིག་གནས་ཡུལ་སྐོར་ལྗོངས་ཁུལ།བྲག་མགོ་རྫོང་གཤིས་ཆུ་དང་ཟླ་ཆུ་ཡུལ་སྐོར་ལྗོངས་ཁུལ། འབའ་ཐང་རྫོང་གེ་མོ་ཡུལ་སྐོར་ལྗོངས་ཁུལ། དར་མདོ་གྲོང་ཁྱེར་མཐིལ་དབུས་གྲོང་སྡེ་གངས་དཀར་འོ་སེ་མེ་ཏོག་ཡུལ་སྐོར་ལྗོངས་ཁུལ། དཔལ་ཡུལ་རྫོང་ཧོར་སྤོའི་ལག་ཤེས་བཟོ་རྩལ་གྲོང་ཡུལ་སྐོར་ལྗོངས་ཁུལ། ལྕགས་ཟམ་རྫོང་ཧོར་གླིང་ཐང་ཡུལ་སྐོར་ལྗོངས་ཁུལ། རོང་བྲག་རྫོང་སྟག་གསུམ་ཡུལ་སྐོར་ལྗོངས་ཁུལ་བཅས་རེད།

དཀར་མཛེས་ཁུལ་གྱིAརིམ་པའི་ལྗོངས་ཁུལ་གྱི་སྤྱི་འབོར་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པར་མ་ཟད། སི་ཁྲོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་གྲུབ་འབྲས་ལས་མངོན་པ་ལྟར་ན། དཀར་མཛེས་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་སྤུས་ཚད་མཐོ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ལ། ད་སྔར་ཁུལ་ཡོངས་ལ་ཡུལ་སྐོར་ཐོན་ཁུངས36112ཡོད། དེའི་ནང་རིམ་པ་ལྔ་པའི་ཡུལ་སྐོར་ཐོན་ཁུངས308དང་རིམ་པ་བཞི་པའི་ཡུལ་སྐོར་ཐོན་ཁུངས754ཡོད་པ་རེད། དེར་མ་ཟད་ཡུལ་སྐོར་ཐོན་ཁུངས་ཀྱི་བསྡོམས་འབོར་དང་སྤུས་ལེགས་རིམ་པའི་ཡུལ་སྐོར་ཐོན་ཁུངས་ཀྱི་གྲངས་འབོར། རིམ་པ་བཞི་པའི་ཡུལ་སྐོར་ཐོན་ཁུངས་ཀྱི་གྲངས་འབོར། རིམ་པ་ལྔ་པའི་ཡུལ་སྐོར་ཐོན་ཁུངས་ཀྱི་གྲངས་འབོར་སོགས་འགག་རྩའི་དམིགས་ཚད་ཁག4ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།།(རྩོམ་སྒྲིག་པས་བསྡུས་ནས་བསྒྱུར།)