ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ9ཚེས4ཉིན་གློག་འཕྲིན་འབྱོར་གསལ། ཟླ9ཚེས4ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་པེ་ཅིང་མི་་་་དམངས་ཚོགས་ཁང་ཆེ་མོར་གསོལ་སྟོན་བཤམས་ནས་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཕེབས་པའི་ཨ་ཧྥེ་རི་ཁ་ཕྱོགས་དང་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཞུགས་་ཡོད་པ་རེད།
ཟླ་དགུ་པའི་པེ་ཅིང་དུ་སྟོན་ཉམས་རབ་ཏུ་རྒྱས་ཤིང་། བརྗིད་ཉམས་ལྡན་པའི་མི་དམངས་ཚོགས་ཁང་ཆེ་མོའི་ནང་ཀྲུང་གོའི་རྒྱལ་དར་དང་། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་རྒྱལ་དར། དེ་བཞིན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དར་ཆ་བཅས་ཕན་ཚུན་འོད་མདངས་རབ་ཏུ་འཕྲོ་བཞིན་མཆིས། གླེང་སྟེགས་དབུ་ཚོགས་ལ་ཕེབས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་51ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ་དང་ཁོང་རྣམ་པའི་སྐུ་་ཟླ། ཙུང་ཐུང་གི་འཐུས་མི་2 ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སོགས་སྐུ་མགྲོན་གཅིག་རྗེས་གཉིས་མཐུད་ངང་མི་དམངས་ཚོགས་ཁང་ཆེ་མོར་འབྱོར་བ་རེད། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས་པ་དང་ཁོང་ཚོ་རེ་རེ་བཞིན་ལ་ཕྱག་་བཏང་གནང་བ་དང་འབྲེལ་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
( པར་ངོས་གཉིས་པར་གཟིགས།)