国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱང་སྐྱོད་སྙིང་སྟོབས་དར་དུ་སྤེལ།། དམངས་ཀྱི་བདེ་སྣང་ཆེ་རུ་བཏང་།།

ཕྱག་ཕྲེང་རྫོང་སྤྱི་བདེ་ཅུས་ཤམ་བྷ་ལ་གྲོང་རྡལ་མངག་གཏོང་ཁང་གི་གནས་ཚུལ་རགས་བཀོད།

སྤྱི་བདེ་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གསར་བརྗེའི་སློབ་གསོར་དང་ལེན་བྱེད་བཞིན་པ།

མང་ཚོགས་ལ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་བཞིན་པ།

ཕྱག་ཕྲེང་རྫོང་ནི་དམག་དམངས་མཛའ་མཐུན་ཟབ་པའི་གསར་བརྗེའི་གནས་གཞི་རྙིང་པ་ཡིན་ཞིང་། ཀྲུང་གོ་བཟོ་ཞིང་དམག་འབུམ་ཤོག་དྲུག་པ་རྒྱང་བསྐྱོད་ལམ་དུ་ཡུན་ནན་ནས་ཁམས་ཕྱོགས་སུ་སྐྱོད་པའི་ལམ་ཚུགས་དང་པོ་ཡིན། 1936ལོའི་ཟླ་བ4པའི་ཚེས30ཉིན་ཧོ་ལུང་དང་རེན་པིའི་ཧྲི། ཞའོ་ཁེ། ཝང་ཀྲེན། ཀོང་ཞང་ཡིང་སོགས་དམར་དམག་དམག་དཔོན་གྱིས་སྣེ་ཁྲིད་པའི་དམར་དམག་འབུམ་ཤོག་གཉིས་པ་དང་དྲུག་པ་ཡུན་ནན་རྒྱལ་ཐང་ས་ཁུལ་བསྐྱོད། ལོ་དེའི་སྤྱི་ཟླ5པའི་ཚེས9ཉིན་ལ་ཞའོ་ཁེ་དང་ཝང་ཀྲེན་རྣམ་གཉིས་ཀྱིས་སྣེ་ཁྲིད་པའི་འབུམ་ཤོག་དྲུག་པ་རྒྱལ་ཐང་ནས་བསྐྱོད་དེ་ཚེས14ཉིན་ལ་རང་ཁུལ་གྱི་ཕྱག་ཕྲེང་དུ་སླེབས་ཤིང་། ཡུལ་དེར་ཉིན་བདུན་བསྡད་དེ་དམག་དམངས་མཐུན་སྒྲིལ་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བཟང་པོ་ཞིག་བྲིས་ཡོད།

གསར་བརྗེའི་རིག་གནས་ཀྱི་ནང་དོན་ཞིབ་ཆ་ལྡན་པའི་ས་གཞི་ཆེན་མོ་དེར་ཕྱག་ཕྲེང་རྫོང་སྤྱི་བདེ་ཅུས་ཤམ་བྷ་ལ་གྲོང་རྡལ་མངག་གཏོང་ཁང་གིས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་བརྒྱུད་འཛིན་འཕེལ་རྒྱས་དང་གཞུང་བསྲངས་གསར་གཏོད་རྒྱུན་འཁྱོངས་ནས་ཞིང་སྡེའི་ཉེན་རྟོག་ལས་དོན་གྱི་ལས་སྟངས་གསར་སྒྱུར་དང་སྤུས་ཀའི་རིམ་པ་སྤར་ནས་ཉེན་དོན་བསྐྱུངས་ཤིང་དོན་རྐྱེན་ཚོད་འཛིན་དང་། ཉེན་ཁ་སྔོན་ཟོན། མངོན་མེད་རྐྱེན་ངན་བསལ་བ་སོགས་ལ་བརྩོན་ནས་བདེ་སྲུང་འགོག་ཟོན་ལ་ཤུགས་བརྒྱབ་ནས་མང་ཚོགས་ལ་བདེ་འཇགས་ཀྱི་མྱོང་ཚོར་གསར་པ་བྱིན་པ་རེད།

ཏང་ལེགས་སྐྱོང་གིས་བླ་སྲོག་བཏོད་ནས་བསམ་བློ་བརྟན་དུ་བཏང་།

སྤྱི་བདེ་མངག་གཏོང་ཁང་དེས་གསར་བརྗེའི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ནས་གསར་བརྗེའི་རིག་གནས་ཀྱིས་མི་སེམས་ལ་ཁྲིད་སྟོན་དང་མི་སེམས་གཅིག་སྒྲིལ། མི་སེམས་ལ་དྲག་ཆས་སྤྲས་པ་རྒྱུན་འཁྱོངས་ཏེ། གསར་བརྗེའི་གཏམ་རྒྱུད་བཤད་པ་དང་། གསར་བརྗེའི་རྗེས་ཤུལ་དུ་སྐྱོད་པ། གསར་བརྗེའི་གློག་བརྙན་ལ་ལྟ་བ། གསར་བརྗེའི་དཔེ་དེབ་བཀླག་པ། ཏང་ཞུགས་དམ་ཚིག་བསྐྱར་དུ་དྲན་པ་བཅས་གཙོ་དོན་དུ་བྱས་པའི་གསར་བརྗེའི་གཞི་རྒྱུ་བརྒྱུད་འཛིན་བྱས་ནས་བློ་དཀར་སེམས་དཀར་གྱིས་རང་གཤིས་ཡུན་དུ་སྲུང་བ་ཞེས་པའི་དཔུང་སྡེའི་གཙོ་དོན་སློབ་གསོ་ཟབ་ཏུ་སྤེལ་ཏེ་ཏང་དང་མི་དམངས་ལ་འགན་ཆེན་པོ་འཁུར་བའི་སྙིང་སྟོབས་ཐོག་ནས་གསར་བརྗེའི་གནས་གཞི་དེ་བསྲུངས་ཡོད།

སྲིད་དོན་ཞབས་ཞུར་བརྩོན་ནས་བློར་བབས་ཚད་མཐོ་རུ་བཏང།

ཉེ་བའི་ལོ་ཤས་རིང་ལ་ཞིང་སྡེ་གསར་པའི་བསྒྱུར་བཅོས་བྱེད་ཐབས་ལ་རྒྱུན་ཆད་མེད་པར་སྐུལ་བའི་རྒྱབ་ལྗོངས་འོག་ཞིང་སྡེའི་སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་། ཡུལ་སྡེའི་རྣམ་པ་གསར་རྐྱང་དུ་གྱུར་ནས་གནམ་ས་བླ་འོག་ཏུ་བསྒྱུར་འདྲའི་འགྱུར་ལྡོག་བྱུང་ཡོད། དེ་དང་ཆབས་ཅིག་ཡུལ་མི་ཕན་ཚུན་བར་གྱི་ས་ཞིང་དང་བདག་དབང་། ཁང་ས་སོགས་ཀྱི་རྩོད་གཞིའང་ཅུང་མང་དུ་ཕྱིན་ཡོད་པ་རེད། རྩོད་གཞི་འདིའི་རིགས་ཀྱི་རྩ་བ་ཟབ་ཅིང་དུས་ཡུན་རིང་ལ། ཁྱབ་ཁོངས་ཆེ་ཞིང་། ཐག་གཅོད་བྱེད་དཀའ་བར་གྱུར་ཡོད།འགལ་བ་ཡག་པོ་སེལ་ཆེད། སྤྱི་བདེ་མངག་གཏོང་ཁང་དེས་འདུམ་འགྲིག་ལས་དོན་ལ་སེམས་ཁུར་བྱེད་མཁན་ཏང་མི་རྒན་གྲས་དང་། ཡུལ་གྲོང་ཨུ་ལྷན་གྱི་ལས་བྱེད་པ། སྤྱི་ཕན་ཁྲིམས་རྩོད་པ་སོགས་དང་བླངས་པས་ཆེད་ལས་དང་ལས་འགན་གཅིག་ལྕོགས་ཀྱི་འདུམ་འགྲིག་པའི་དཔུང་ཁག་བཙུགས་ནས་འགལ་ཟླའི་རྩོད་གཞི་ཁྲིམས་ལྟར་འདུམ་འགྲིག་དང་འཆམ་མཐུན་འདུམ་འགྲིག་གི་སྲོལ་ལམ་དུ་དྲངས་པ་རེད། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཅངས་ཏེ། གཞི་རིམ་དུ་སྐྱོད་པ་དང་དཀའ་གནད་སེལ་བ། སེམས་ཁྲལ་མེད་པར་བཟོ་པ། མི་དམངས་བདེ་རྩ་སྲུང་བ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ངས་མང་ཚོགས་ལ་དོན་དངོས་སྒྲུབ་ཅེས་པའི་ལག་ལེན་བྱེད་སྒོ་མཐར་ཕྱིན་སྤེལ་བར་བརྟེན། སྤྱི་བདེའི་སྲིད་དོན་ཞབས་ཞུའི་ལས་དོན་ལ་མང་ཚོགས་ཀྱི་ཁས་ལེན་ཡག་པོ་ཐོབ་ཡོད།

ཉེན་རྟོག་ལས་དོན་བཅོས་བསྒྱུར་བྱས་ནས་དུས་བདེའི་གནས་བབ་བསྲུངས།

ཉེན་རྟོག་པའི་སྟོབས་ཤུགས་ལ་ཚད་ཡོད་ན། མི་དམངས་ཀྱི་སྟོབས་ཤུགས་ལ་རྫོགས་མཐའ་མེད། སྤྱི་བདེ་ཉེན་རྟོག་མངག་གཏོང་ཁང་གིས་ཐོག་མཐའ་བར་གསུམ་དུ་གྲོང་སྡེའི་ཉེན་རྟོག་ལས་དོན་ལ་ཤུགས་སྣོན་པ ་དེ་གཞི་རིམ་དག་ཐེར་བཅོས་སྐྱོང་གི་དམ་འཛིན་བྱ་གཞི་གོ་ཆོད་པོ་ཞིག་ཏུ་བརྩིས་ནས“ཞིང་སྡེའི”ཉེན་རྟོག་ལས་དོན་ལམ་སྲོལ་བཅོས་བསྒྱུར་དོན་འཁྱོལ་བྱེད་པ་དང་ཁོངས་གཏོགས་

གཞི་རིམ་བཅོས་སྐྱོང་བྱས་ནས་ཉེན་ཟོན་ཞིབ་ཚགས་བྱས།

ཁུལ་གྱི་ཞིང་སྡེའི་ཉེན་རྟོག་ལས་དོན་ཁང4ཡི་གསར་བརྗེའི་ས་ཁོངས་ཀྱི་ལེགས་ཆ་བཏོན་ཏེ་སྤྱི་ཁུལ་གྱི་གཞོགས་འདེགས་ཉེན་རྟོག་པ་དང་། ཉེན་རྟོག་ལས་དོན་ཆེད་སྒྲུབ་པ། བདེ་སྐྱོང་ཧུར་བརྩོན་ཅན། ཤམ་བྷ་ལ་འོས་འགན་ཉེན་རྟོག་རུ་ཁག། རྒྱ་ཆེ་བའི་མང་ཚོགས་དང་བླངས་པ་བཅས་ཧུར་ཐག་ཞུགས་ནས་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་གསར་བརྗེ་ཅན་དང་རྩ་འཛུགས་ཅན། ཆ་འཕྲིན་ཅན། ན་གཞོན་ཅན་བཅས་སུ་རྒྱུན་ཆད་མེད་པར་བསྐུལ་ཡོད།

ཤམ་བྷ་ལ་གྲོང་རྡལ་ཉེན་རྟོག་སྤྱི་བདེ་མངག་གཏོང་ཁང་དེ1985ལོར་བཙུགས་ཤིང་། དེའི་ཁོངས་སུ་སྲིད་འཛིན་གྲོང་ཚོ12ཡོད་པ་དང་རྒྱུན་སྡོད་མི་འབོར11571དང་འགྲོ་འོང་བྱེད་མཁན་མི་འབོར3573ཡོད་པ་རེད།

སྤྱི་ཚོགས་བདེ་འཇགས་ཀྱི་འགོག་སྲུང་ར་བ་དང་པོ་བརྟན་དུ་གཏོང་ཆེད། སྤྱི་བདེ་མངག་གཏོང་ཁང་གིས་གཞི་རིམ་བཅོས་སྐྱོང་ལས་ཀའི་ལམ་སྲོལ་དང“མདོག་གསུམ་སྔོན་རྟོག”གི་འགལ་བ་དང་རྩོད་གཞི་ཚགས་བཤེར་དང་སེལ་བའི་ལམ་སྲོལ་གང་ལེགས་སྤྱད་དེ་རྒྱུན་རྣམ་ཅན་གྱི་ཐོག་ནས་དྲྭ་རྒྱ་འཐེན་པའི་རྣམ་པའི་འགལ་བ་དང་རྩོད་གཞི་ཚགས་བཤེར་དང་སེལ་བའི་ལས་དོན་སྤེལ་བ་རེད། ད་སྔར། སྲིད་འཛིན་གྲོང་ཚོ12ཚང་མར་བདེ་འཇགས་འདུམ་འགྲིག་ལས་འཛིན་ལྷན་ཚོགས་བཙུགས་ཡོད་པ་དང་། དེ་ཚོས་མངག་གཏོང་ཁང་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་དུས་ཐོག་ཏུ་འགལ་བ་ཆུང་བ་དང་གནད་དོན་ཆུང་བ། རྩོད་གཞི་ཆུང་བ། ཞུ་གཏུག་ཆུང་བ་བཅས་དུས་ཐོག་ཐག་བཅད་དེ་དོན་ཆུང་གྲོང་སྡེ་ནས་ཐག་གཅོད་པ་དང་། དོན་ཆེན་གྲོང་རྡལ་ནས་ཐག་གཅོད་པ། འགལ་ཟླ་གོང་ཞུ་མི་བྱེད་པ་བཅས་བྱེད་ཐུབ་ཡོད།

དུས་རབས་གསར་པས་ལས་འགན་གསར་པ་སྤྲད་པ་དང་། ལས་འགན་གསར་པས་འགན་འཁྲི་གསར་པ་འཁུར་བར་བསྐུལ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ཕྱག་ཕྲེང་རྫོང་སྤྱི་བདེ་ཅུས་ཤམ་བྷ་ལ་གྲོང་རྡལ་མངག་གཏོང་ཁང་གིས་དུས་དང་བར་མཐོངས་ལས་བརྒལ་བའི་རྒྱང་སྐྱོད་སྙིང་སྟོབས་ཀྱིས་ཐོག་མཐའ་བར་གསུམ་དུ་བརྒྱུད་འཛིན་དང་དར་སྤེལ་གཏོང་བ་དང་།“ཧྥེང་ཆའོ་ཡི་ཉམས་མྱོང”རྒྱུན་འཁྱོངས་དང་དར་སྤེལ་གཏོང་ཞིང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་སེམས་ཆེན་པོས་གསར་བརྗེའི་བྲོ་བ་མི་ཡལ་པའི་ས་གཞི་དེ་བརྟན་པོར་སྲུང་བཞིན་ཡོད།། ( ལྷ་འཛོམས་ཀྱིས་བསྒྱུར།)