མཛེས་སྡུག་རྣམ་པར་བཀྲ་བའི་བོད་ལྗོངས་
ཀྱི་ཡུལ་གྲུ།།
སྔོན་མེད་འཇིག་རྟེན་གསར་པའི་བཞིན་
རས་དེ་མཐོང་ཚེ།།
མི་མངོན་ནམ་མཁའི་དབྱིངས་ནས་རབ་གསལ་
གྱི་ཉི་མས།།
འོད་སྟོང་ཕྱོགས་བཅུར་འགྱེད་བཞིན་ལྟད་
མོ་ལ་ཆས་སོང་།།
སྣང་བ་རི་ལ་རྩེན་པའི་བརྗིད་ཉམས་ཀྱི་
གངས་རི།།
ཐོས་པ་ཙམ་གྱིས་རང་སེམས་ཀློང་རྡོལ་
དུ་འདོར་ཡང་།།
སེམས་ཀྱི་གསོས་སུ་སྨིན་པའི་འཁོར་འདས་
ཀྱི་གྲོང་བ།།
ལྟ་བ་དཀར་ནག་གཉིས་ཀྱི་དོན་གནད་
དུ་གནས་འདུག།
རང་སེམས་འཇིགས་སྐྲག་བྱུང་བའི་སྡུག་ཡུས་
ཀྱི་རྣམ་པ། །
སྒོ་ཆུང་བྲག་གིས་སྦྱར་བའི་སྒྲུབ་ཕུག་ཏུ་
སོང་དུས། །
བྲག་སྒོ་ཉི་མར་ལྡེ་བའི་མཉམ་བཞག་གི་
ཁ་དན། །
འོད་གསལ་གནས་ལུགས་བཅུ་ཡི་རང་
སྣང་གིས་སྦྲིད་སོང་། །
ལོ་ཟླའི་རྒྱང་དུ་བཞུད་པའི་ཡ་ཆུང་གི་
ཟུག་གཟེར། །
ངེས་མེད་རླུང་ལ་བསྐུར་བའི་འབྱུང་འགྱུར་
གྱིས་བསུམས་ནས། །
ཐ་སྙད་བྲང་ལ་སྦྱར་བའི་ཉམ་ཆུང་གི་
གར་སྟབས། །
ན་བུན་སེམས་སུ་བསྙལ་བའི་ལྷིང་འཇགས་
ཀྱིས་གནས་འདྲ། །
ལྷུན་ཆགས་རྫིག་པོས་གྲུབ་པའི་ཡབ་མེས་
ཀྱི་དཔའ་གདེང་། །
སྤྱང་གྲུང་རྣོན་པོ་འཛོམས་པའི་བསིལ་ལྗོངས་
སུ་འཁྱིལ་ན། །
མཐོན་མཐིང་དགུང་ལ་བརྟོལ་བའི་ཡིད་
བརྙན་གྱི་ངོ་བོ། །
བྱིན་རླབས་ནུས་མཐུ་བསྩལ་བའི་བཀའ་
ལུང་གིས་དྲངས་ཡོད། །
སྤྲོས་བྲལ་མངོན་སུམ་སྐྱེས་པའི་རང་བྱུང་
གི་ཆོས་ཉིད། །
ཆགས་སྡང་མེ་ལྕེ་འཕྱོ་བའི་གཡབ་མོ་རུ་
བརྡུལ་ཀྱང་། །
བྱ་ངན་གཟིངས་ནས་བགྲོད་པའི་རེ་དོགས་
ཀྱི་མཐའ་རྒྱ། །
གཉུག་མའི་རང་བབས་སྐྱོང་བའི་བདེན་པ་
ལ་འཁྲི་ཡོང་། །
ཞེན་ཆགས་རྣམ་རྟོག་འགྱུ་བའི་དྲན་ཤེས་
ཀྱི་ཡིད་ཀ །
མ་བཅོས་ཤིག་གི་སྐྱེས་བོའི་དབུ་རྐེད་ལ་
འཛར་བས། །
བག་ཡོད་འཚོ་བ་བསྡམས་པའི་གཤིས་
འཇམ་གྱི་ཕྱི་ནང་། །
སྤྲང་པོ་ཟས་ལ་གཏད་པའི་ལམ་ཡིག་ཏུ་
བརྫིས་ཡོད། །
འདུ་བྲལ་འཁོར་བའི་རང་གཤིས་ཆར་
རླུང་གིས་བཙས་ནས། །
ཚེ་ཡི་ནོམ་པ་མོད་པོ་ལས་སྨོན་ལ་
བསླངས་ཀྱང་། །
ཕྱག་རྒྱ་གྲོལ་བའི་ཐུགས་རྗེ་མཁའ་མཐའ་
ནས་མཆེད་པས། །
ཟུང་འཇུག་ཉི་ཟླའི་དཀྱིལ་ལ་འཇའ་ཚོན་
བཞིན་འཐིམ་འགྲོ། །
གནས་ལུགས་སྤྲོས་པའི་བུ་རམ་ཅུང་ཙམ་
ནི་ལྷོད་དེ། །
དོན་དང་དམ་པའི་བརྗོད་ཆེན་འདི་
བདེན་དང་གན་བདེན། །
ཅིས་ཀྱང་ཞེ་བློ་ཚིམ་པའི་བདེ་བ་རུ་འདོད་ན།།
གནས་ལུགས་ཟབ་ཆེན་ཟེར་ནའང་དེ་ག་
ཙམ་མི་འདུག །
འདི་ལྟར་ཆོས་ཉིད་ཟབ་མོའི་གཏིང་མཐའ་
ལ་བརྙབས་དུས། །
རང་དང་གཞན་རིག་དབྱེ་བའི་རིག་པ་ནི་
བན་བུན། །
མྱོང་བ་གནད་ལ་འབེབས་བའི་ཚད་ཐིག་ཏུ་
ཁེལ་ན། །
དྲན་པས་རླུང་ལ་སྐུར་བའི་དུས་ཚིགས་
ཀྱང་ཡོང་ངོ་། །
༼ རྒྱ་ཚང་སྨོན་ལམ། ༽