国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྥུང་ཧྥ་ཀུའེ་ཡིས་གསེར་རྟ་རྫོང་དུ་བརྟག་ཞིབ་མཛུབ་ཁྲིད་གནང་།

རང་ཁུལ་གྱིས་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ཡུལ་སྐོར་བ་ཁྲི58ལ་སྣེ་ལེན་ཞུས།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ9ཚེས14ཉིན་གློག་འཕྲིན་འབྱོར་གསལ། ཚེས14ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་སྔར་བས་བརྟན་དུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མུ་མཐུད་མཐའ་འཁྱོངས་དང་། འཐུས་ཚང་། འཁོར་སྐྱོད་བཅས་ཡག་པོ་བྱས་ཏེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་དང་མི་དམངས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་ལམ་ལུགས་ཀྱི་འགན་ལེན་བརྟན་པོ་ཡོང་བར་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།

(པར་ངོས་གཉིས་པར་གཟིགས།)

ད་ལོའི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་དཀར་མཛེས་ཁུལ་ནི་མི་རྣམས་ཀྱིས་ཆེས་དགའ་བསུ་ཐོབ་པའི་ཡུལ་སྐོར་གནས་མཆོག་ཅིག་ཏུ་གྱུར་ཡོད། གསར་འགོད་པས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ9པའི་ཚེས15ནས17ཉིན་བར་རང་ཁུལ་གྱིས་ཡུལ་སྐོར་བ་ཁྱོན་བསྡོམས་ཁྲི58.31(དེའི་ནངAརིམ་པའི་ལྗོངས་ཁུལ་གྱི་མི་ཁྲི14.78ཡོད)ལ་སྣེ་ལེན་ཞུས་ཏེ། ཡུལ་སྐོར་ཡོང་འབབ་སྒོར་ཁྲི61588.26བྱུང(དེའི་ནང་སྒོ་འཛིན་ཡོང་འབབ་སྒོར་ཁྲི188.74ཡོད།) ཁུལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྤྱིའི་ཆ་ནས་ཡག་པོ་ཡོད་པ་དང་བདེ་འཇགས་ཀྱི་ལས་འཛོལ་ཆེན་པོ་དང་ཡུལ་སྐོར་ཞུ་གཏུག་བྱུང་མེད།

ཐེངས་འདིའི་གུང་གསེང་རིང་གི་ཡུལ་སྐོར་ཁྲོམ་རའི་ཁྱད་ཆོས་སྣ་མང་ཕུན་སུམ་ཚོགས་ཤིང་། ལམ་ཐག་ཐུང་འབྲིང་གི་མགྲོན་ཁུངས་དང་དགོས་མཁོ་སྣ་མང་གི་ཡུལ་སྐོར་ཐོན་རྫས། ངོ་མཚར་ཆེ་བའི་རིག་གནས་ཡུལ་སྐོར་བྱེད་སྒོ་སོགས་ཀྱིས་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་སྔར་བས་བསླངས་ཡོད། མགྲོན་པོ་མང་ཆེ་བ་ཁྲུང་ཆིང་དང་ཁྲེང་ཏུའུ། སི་ཁྲོན་ནང་ཁུལ་གྱི་གྲོང་ཁྱེར་ཁག་ནས་ཡོང་བ་རེད། “གངས་དཀར་རི་བོའི་རི་ཀླུང་མིའི་རིག་ཡུལ་སྐོར་བྱ་ཡུལ་ཆེན་པོ”དང“ཤམ་བྷ་ལའི་ཆེན་པོའི་ཡུལ་སྐོར་སྐོར་ལམ” “རྒྱལ་ལམ317པ་མཐོ་སྒང་དར་ལམ་རིག་གནས་བར་ཁྱམས”བཅས་ས་ཁོངས་ཀྱི་མགྲོན་ཁུངས་སོ་སོ་ནི་བརྒྱ་ཆ74.81དང15.60དང9.59བཅས་ལ་ཟིན་ཡོད་པ་རེད།

གུང་གསེང་སྔོན་དུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་ཀྱིས་ཡུལ་སྐོར་ཉེན་མེད་དང་ཞབས་ཞུའི་སྤུས་ཚད་སོགས་ཀྱི་ཐད་བཀོད་སྒྲིག་དང་ལས་ཀའི་བླང་བྱ་བཏོན་པ་རེད། རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་དང་སྤྱི་འདོམས་བཀོད་སྒྲིག་ཡག་པོ་བྱས་ཏེ་ཁུལ་དང་རྫོང་གི་རིག་གནས་ཡུལ་སྐོར་སྡེ་ཚན་ལ་མགོ་ཁྲིད་ཀྱིས་ལས་རེས་སྣེ་ཁྲིད་དང་ཆེད་ལས་མི་སྣ་དུས་ཚོད24རིང་ལས་རེས་ལམ་ལུགས་ལག་ལེན་བསྟར་བའི་བཀོད་སྒྲིག་བྱས་ཡོད། ཡུལ་སྐོར་ལྗོངས་ཁུལ་དང་ཡུལ་སྐོར་འགྲོ་ལམ་གྱི་གལ་ཆེ་བའི་མཚམས་ཚིགས་སུ་དང་བླངས་ཕྱོགས་བསྡུས་ཞབས་ཞུའི་ས་ཚུགས23བཙུགས་ནས་ཡུལ་སྐོར་བར་བློ་འདྲི་སོགས་རྨང་གཞིའི་ཡུལ་སྐོར་ཞབས་ཞུ་མཁོ་འདོན་བྱས། ཡུལ་སྐོར་ལྗོངས་ཁུལ་དང་ཡུལ་སྐོར་ལས་དོན་མི་སྣས་ཤུགས་ཡོད་རྒུས་ཡུལ་སྐོར་ཞབས་ཞུའི་ལས་དོན་འགན་སྲུང་བྱས་ནས་ཕན་འབྲས་ཆེ་བའི་འཁོར་སྐྱོད་ཐུབ་པར་ཁག་ཐེག་བྱས་ཡོད།

དེ་མིན་རང་ཁུལ་གྱིས་ད་དུང་ཚོང་གཉེར་འོས་སྦྱོར་ཤུགས་ཆེན་སྤེལ་ཏེ་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་ཡོད། ཁུལ་ཡོངས་ཀྱིAརིམ་པའི་ལྗོངས་ཁུལ་ཐམས་ཅད་ལ་སྒོ་འཛིན་ཉོ་མི་དགོས་པ་དང་། མགྲོན་ཁང་དང་ཟ་ཁང་། སིལ་ཚོང་ཁེ་ལས99ཡིས་རིན་གོང་བརྒྱ་ཆ་གཅིག་བཅག་པ་དང་། སློབ་ཆེན་སློབ་མ་གསར་པ་དཀར་མཛེས་ཁུལ་དུ་ཡུལ་སྐོར་འོང་བའི་སྐོར་ལམ་ཡག་པོ4དང་ཁྱད་ཆོས་ཟས་མཆོག་མྱོང་རོལ་ཁང182བཀོད་པ་རེད།

སྡེ་ཚན་གྱིས་སྤྱི་འདོམས་མཉམ་འགུལ་བྱས་པས་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་སྔར་བས་ཆེ་རུ་ཕྱིན། གནམ་གཤིས་དང་སྤྱི་བདེ་འགྲིམ་འགྲུལ་སོགས་སྡེ་ཚན་གྱིས་སྔ་སྣུར་དུ་གནམ་གཤིས་སྔོན་བརྡ་དང་འགྲིམ་འགྲུལ་དྲན་སྐུལ་བྱས་ནས་ཡུལ་སྐོར་བར་གནམ་གཤིས་འགྱུར་ལྡོག་དང་འགྲིམ་འགྲུལ་དོ་དམ་གྱི་གནས་ཚུལ་དུས་ལྟར་དོ་ཁུར་བྱེད་དུ་བཅུག་སྟེ་འགྲོ་སྐྱོད་བཀོད་སྒྲིག་ལུགས་མཐུན་ཡོང་བར་ཁྲིད་སྟོན་བྱས། འཚུབ་བསྟུན་དོ་དམ་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་གྱིས་ཡུལ་སྐོར་ཁྲོམ་རའི་ཟང་ཟིང་གི་སྣང་ཚུལ་དང་ཉེན་མེད་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས། སྡེ་ཚན་གཞན་དག་གིས་འགན་ནུས་དང་འགན་འཁྲིར་གཞིགས་ནས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རྨང་གཞི་ལེ་ལག་ཆ་སྒྲིག་སོགས་ཀྱི་ཞབས་ཞུའི་འགན་ལེན་ཧུར་ཐག་བྱས་ཏེ་རྒྱ་ཆེ་བའི་ཡུལ་སྐོར་བར་ཉེན་མེད་དང་གོ་རིམ་ལྡན་པ། སྤྲོ་སྐྱིད་ལྡན་པ་བཅས་ཀྱི་ཡུལ་སྐོར་ཁོར་ཡུག་བསྐྲུན་པ་རེད།།

( རྟ་མགྲིན་རྡོ་རྗེས་བསྒྱུར།། )

སྤྱི་ཟླ9པའི་ཚེས13ནས14ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་གསེར་རྟ་རྫོང་དུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སྒྲོག་འགྲེལ་དང་། དར་རྒྱས་ཞན་པའི་རྫོང་ཁོངས་ཀྱི་འཚོ་སྐྱོང་དམའ་སྐྱོར། སློབ་གསོ་དང་འཕྲོད་བསྟེན་ལས་དོན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། དགོན་པ་དོ་དམ། སྐྱེ་ཁམས་ཁོར་ཡུལ་སྲུང་སྐྱོང་ལ་སོགས་པའི་ལས་ཀར་ལྟ་སྐུལ་སློབ་སྟོན་གནང་བ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། ལྷག་བསམ་ཟོལ་མེད་ཀྱིས་བོད་བརྟན་ཁམས་བདེ་དང་། སྐྱེ་ཁམས་སྲུང་ཡོལ། ནང་སྐུལ་རང་བརྟེན་བཅས་ཀྱི་འགན་འཁྲི་གསུམ་ཁུར་ནས་ཡུན་རིང་བདེ་འགོད་ཡོང་བ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་ཕན་འབྲས་གསར་པ་འཐོབ་པར་བསྐུལ་དགོས་ཞེས་ནན་གསུང་གནང་བ་རེད།

ཧྥུང་ཧྥ་ཀུའེ་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དང་བླ་རོང་དགོན་དོ་དམ་ཨུ་ལྷན་དུ་སློབ་གླིང་དང་དགོན་པ་དོ་དམ་ཚད་ལྡན་ཅན་གྱི་ལས་དོན་ལ་ཡུལ་དངོས་སུ་རྟོག་ཞིབ་གནང་བ་དང་འབྲེལ་ཡོད་ལས་དོན་གནས་ཚུལ་རྒྱུས་ལོན་གནང་། ཁོང་གིས་ད་དུང་གསེར་རྟ་རྫོང་སློབ་གསོ་འཕྲོད་བསྟེན་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་དང་འཚོ་སྐྱོང་དམའ་སྐྱོར་གྱི་བཞུགས་མོལ་གྲོས་ཚོགས་གཙོ་སྐྱོང་གནང་ནས་རྫོང་དེའི་སློབ་གསོ་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་དང་འཚོ་སྐྱོང་དམའ་སྐྱོར་གྱི་དམིགས་ཚད་དོན་ཚན་བཅུའི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་འབྲེལ་ཚན་པ་སོ་སོར་དམིགས་ནས་ཐབས་ཇུས་བྱེད་ཐབས་ཞིབ་འཇུག་གནང་བ་རེད།།( བདེ་སྐྱིད་ཀྱིས་བསྒྱུར།)