ཉེ་བའི་ལོ་ཤས་རིང་ལི་ཐང་རྫོང་གིས་རོགས་སྐྱོར་སྟོབས་ཤུགས་ཁག་ལྔ་ལ་བརྟེན་ནས“རིམ་པ་དབྱེ་བ་དང་། རིགས་དབྱེ་བ། ཚོགས་བགོས་བ”བཅས་ཕྱོགས་གསུམ་གྱི་བྱེད་ཐབས་ལ་དམིགས་ཏེ་རྫོང་ཡོངས་ཀྱི་ངལ་ནུས་དབུལ་པོའི་ལས་ཞུགས་གཞན་སྒྱུར་དང་ལས་ཞུགས་བརྟན་པོ་ཡོང་རྒྱུར་མུ་མཐུད་བསྐུལ་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་ཤུགས་བརྒྱབ་ཡོད།
རིམ་པ་ཕྱེ་ནས་མཉམ་ལས་ཤུགས་ཆེན་བྱས་ཏེ་གནད་སྨིན་ལས་ཞུགས་ལ་བསྐུལ་ཡོད། རོགས་སྐྱོར་བྱེད་མཁན་གྱི་ཁེ་ལས་དང་མཉམ་འགུལ་ཧུར་ཐག་བྱས་ཏེ་ཁེ་ལས་ཀྱིས་མཁོ་འདོན་བྱས་པའི་ལས་གནས་ཆ་འཕྲིན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པ་དང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་ལས་གནས་ཁ་གསལ་དང་། བླང་བྱ་ཁ་གསལ། ཐོབ་ཐང་ཁ་གསལ་བཅས་ཀྱི“ལས་གནས་མཁོ་སྤྲོད་གསལ་ཐོ”བཟོ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ས་གནས་དེ་གའི་ངལ་རྩོལ་པའི་ལས་ཞུགས་བསམ་འདུན་ལ་མཐིལ་རྟོགས་གཙང་བཤེར་བྱས་ཏེ“ལས་གནས་ཀྱི་དགོས་མཁོའི་གསལ་ཐོ”བཟོས་ནས་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་གྱི“ལས་གནས་ཀྱི་དགོས་མཁོའི་གསལ་ཐོ”དང“ལས་གནས་མཁོ་སྤྲོད་གསལ་ཐོ”འགྲོས་བསྟུན་ལེགས་བསྡུར་བྱས་ཏེ་དུས་ཐོག་ཏུ་མཁོ་སྤྲོད་སྦྲེལ་མཐུད་ཐུབ་པ་དང་། ལས་ཞུགས་ཆ་འཕྲིན་གནད་སྨིན་ངང་སྐྱེལ་ཐུབ་པ། ཁེ་ལས་དང་ལས་ཞུགས་མི་སྣ་གནད་སྨིན་ངང་མཐུད་སྦྲེལ་ཐུབ་པ། མི་དང་ལས་གནས་གནད་སྨིན་མཐུན་སྦྱོར་བཅས་བྱུང་ཡོད། དུས་བཀག་ལྟར་ཁ་གཏད་རོགས་སྐྱོར་གྱི་ལས་ཞུགས་རོགས་སྐྱོར་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་རྫོང་ཡོངས་ཀྱི་ཁ་གཏད་རོགས་སྐྱོར་གྱི་ལས་ཞུགས་རོགས་སྐྱོར་ལས་ཀའི་འཕེལ་རིམ་དུས་ཐོག་ཏུ་བརྡ་ཁྱབ་བཏང་བ་དང་། རྒྱུན་ལྡན་གྱི་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་བརྒྱབ་སྟེ་གོང་འོག་སྦྲེལ་མཐུད་དང་ཕན་ཚུན་མཉམ་འགུལ་གྱི་ལས་ཞུགས་རོགས་སྐྱོར་ལས་ཀའི་རྣམ་པ་ཆགས་ཡོད།
རིགས་དབྱེ་ཞབས་འདེགས་ཞུས་ཏེ་གནས་སྤོ་ལས་ཞུགས་ལ་བསྐུལ་ཡོད། “དཔྱིད་རླུང་བྱ་སྤྱོད”དང“ལས་ཞུགས་རོགས་སྐྱོར་གྱི་ཟླ་བ” “དམངས་གཉེར་ཁེ་ལས་ཀྱི་ཞབས་ཞུའི་ཟླ་བ”སོགས་རིགས་ཁག་གི་ཆེད་དོན་གདན་ཞུའི་ཚོགས་འདུའི་གོ་སྐབས་དམ་དུ་བཟུང་ནས་ཁེ་ལས་ཀྱིས་ས་གནས་དེ་གའི་ངལ་རྩོལ་པ་བསྡུ་ལེན་བྱེད་པའི་འབྲེལ་ཡོད་ཁ་གསབ་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་། ཁེ་ལས་བསྡུས་ནས་རྫོང་དུ་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས། 2023ལོ་ནས་བཟུང་ལས་གནས2000ལྷག་སྤྲད་པ་དང་ལས་ཞུགས་ཀྱི་འདོད་མཐུན31བཞག་ཐུབ་པ་བྱུང་ཡོད། “ལི་ཐང་བཤད་པ”དང་སྐད་འཕྲིན་ཚོགས་པ་སོགས་ལ་བརྟེན་ནས་ལས་ཞུགས་ཀྱི་ལྟ་སྐྱོང་སྲིད་ཇུས་སྒྲོག་ཤུགས་ཆེ་རུ་གཏོང་བ་དང་། ལས་མི་སྤྱོད་པའི་ཆ་འཕྲིན་བསྒྲགས་པ། དྲྭ་ཐོག་ལས་ཞུགས་ཀྱི་མཁོ་སྤྲོད་འབྲེལ་མཐུད་སྟེགས་བུ་བསྐྲུན་པ་བཅས་བྱས་ཡོད། ལི་ཐང་རྫོང་གི་སྡེ་ཚན་ཁག་དང་ཡུལ་ཤོག(གྲོང་རྡལ)།གྲོང་ཚོ(སྡེ་ཁུལ)བཅས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བརྒྱབ་སྟེ་ལས་མི་རང་ངོས་ཀྱི་ཆ་རྐྱེན་དང་སྦྱངས་པའི་ཆེད་ལས། ལས་ཞུགས་ཀྱི་འདུན་པ་བཅས་ལ་གཞིགས་ནས་དམིགས་སའི་རང་བཞིན་གྱི་སྒོ་ནས་ལས་ཞུགས་རོགས་སྐྱོར་གྱི་ཞབས་ཞུ་མཁོ་འདོན་དང་རིམ་རྩིས་བྱས་ན་མི200ལ་ལས་ཞུགས་རོགས་སྐྱོར་བྱས་ཡོད།
ཚོགས་བགོས་ཀྱིས་གསོ་སྦྱོང་ཁྲིད་སྟོན་བྱས་ཏེ་ཐག་ཉེ་སར་ལས་ཞུགས་ཐུབ་པར་བསྐུལ་ཡོད། སྤྱི་ཚོགས་ཀྱི་དགོས་མཁོ་དང་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་ལ་གཞི་ཚུགས་ཏེ་གློག་ལས་དང་། གཡོས་སྦྱོར། མགྲོན་ཁང་ཞབས་ཞུ་སོགས་ཀྱི་ཆེད་ལས་ཤེས་བྱ་དང་རྩལ་ནུས་ལ་དམིགས་ནས་གསོ་སྦྱོང་བྱས་ཏེ་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཀའི་ཆུ་ཚད་མུ་མཐུད་དེ་མཐོ་རུ་གཏོང་ཞིང་། 2023ལོ་ནས་བཟུང་རིགས་ཁག་གི་མི1200ལྷག་ལ་ལས་ཞུགས་གསོ་སྦྱོང་བྱས་ཏེ་ས་གནས་དེ་གའི་མི100ལྷག་ལས་ཞུགས་ཐུབ་ཡོད་པ་རེད། ཁ་གཏད་རོགས་སྐྱོར་གྱི་རྣམ་གྲངས་དང་མི་བསྡུས་ཁེ་ལས་ཀྱིས་གཉེར་སྐྱོང་རང་བཞིན་དང་ཡང་ན་སྤྱི་ཕན་རང་བཞིན་གྱི་ལས་ཞུགས་ལས་གནས་གསར་དུ་སྤེལ་བར་ཁྲིད་སྟོན་དང་། ཉེ་འཁོར་གྱི་ཡུལ་ཤོག་གྲོང་རྡལ་དང་གྲོང་ཚོའི(སྡེ་ཁུལ)སྟོབས་ཤུགས་བསྡུས་ཏེ། བེད་མེད་ངལ་རྩོལ་ནུས་ཤུགས་ལ་ཁེར་བཤེར་བྱས་པ་དང་། ལས་མིའི་ནུས་པ་དང་ལས་ཞུགས་དགོས་མཁོ་སོགས་ཀྱི་ཆ་འཕྲིན་བསྡུས་ནས་མི་ཤུགས་ཐོན་ཁུངས་ཀྱི་རྩིས་ཁྲ་བཟོས་ཏེ། ཁེ་ལས་ལ་ལས་གནས་ཀྱི་བླང་བྱ་དང་མཐུན་པའི་ལས་མི་གནད་སྨིན་ངང་འོས་སྦྱོར་བྱེད་ཅིང་། སྨི་ཆི་ཆི་མཐོ་སྒང་བཟའ་བཅའ་ཚན་རྩལ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་ལི་ཐང་རྫོང་འཆམ་སྐོར་གློག་རྡུལ་ཚོང་དོན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་སོགས་རོགས་སྐྱོར་རྣམ་གྲངས་དང་ཁེ་ལས་ཀྱིས་ས་གནས་དེ་གའི་ངལ་རྩོལ་པ་མི50ལྷག་ཡུན་རིང་གླས་ཡོད་པ་རེད། རང་ས་རང་ཡུལ་དང་ཡང་ན་ཁྱིམ་དུ་ལས་ཞུགས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཕྱི་རོལ་དུ་ལས་ཞུགས་བྱེད་ཐབས་བྲལ་བའི་ངལ་རྩོལ་པར་སྟབས་བསྟུན་ལས་ཞུགས་བྱེད་རོགས་བྱས་ནས་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་ཁྱབ་རྒྱ་ཆེན་པོ་ངང་བསྡུ་ལེན་བྱས་ཡོད། དེའི་ནང་ཞིང་ལས་རྣམ་གྲངས་ཀྱི་ཁ་གཏད་རོགས་སྐྱོར་ཐང་ཕྲོམ་ནག་པོའི་འདེབས་འཛུགས་ཀྱི་དུས་ཚིགས་རང་བཞིན་གྱི་ལས་མི་སྤྱོད་ཚད་མི1200ལ་ཟིན་པ་རེད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)