བརྩེ་བ་རྒུན་ཆང་གྲང་མ་ཁྱོད་ལ་བཀྱགས།།
དུང་བ་ཤེལ་དཀར་ལྷུན་པོ་ཁྱོད་ལ་ཕུལ།།
བརྩེ་དུང་གསེབ་ན་འཚུབ་པའི་ཟླ་བ་གཞོན།།
ད་དུང་ཁོ་བོས་མཚོ་མོར་འཁྱུག་དོན་ཅི།།
མཚན་མོས་རྨི་ལམ་ཁྲོད་ནས་ཁྱོད་རང་སྒོམ།།
ཟླ་བའི་གཟུགས་བརྙན་འོག་ནས་ཁྱོད་ལ་དུང་།།
ཟླ་གཟུགས་རྨི་ལམ་ཁྲོད་ཀྱི་གཞོན་ནུ་མ།།
ད་དུང་ཁོ་བོའི་ཞིང་ས་བགྲོད་འདོད་ཅི།།
སེམས་ཀྱི་ཕྱི་ནང་དཀར་མདངས་ཁྱོད་ལ་གཏད།།
ལུས་ཀྱི་དྲོད་ཁུག་རྟ་བདུན་ཁྱོད་རང་སྦྱིན།།
ཕྱི་ནང་གཉིས་ཀྱི་ནོར་བུ་སྒེག་ལྡན་ཁྱོད།།
ད་དུང་ཁོ་བོའི་མིག་ལམ་གཡོ་དོན་ཅི།།