མི་ཡུལ་ཀྱག་ཀྱོག་ཆེ་ལ་ཚེར་གདུང་སྟུག །
མི་སེམས་དངུལ་གྱིས་དད་ལ་མི་མཚུངས་བོར།།
མི་བཟོད་འཁོར་བའི་ནང་དུ་ཆགས་ནས་ཉུལ།།
མི་ལུས་རིན་ཆེན་ཡིན་ནམ་དོན་གྱིས་ཅི།།
མི་དང་མི་ཡི་ཁྱད་པར་སྣང་ཚུལ་ལས།།
མི་ལུས་རིན་ཆེན་རྒྱང་དུ་བསྐྱེད་པ་ཡི།།
མི་མིན་ཟོག་མིན་དུད་འགྲོ་མི་ལྤགས་ཅན།།
མི་ཡུལ་ཁམས་ནས་མི་ལུས་བླངས་དོན་ཅི།།
མི་ལུགས་མཐུན་པའི་བྱ་གཞག་མ་འགྲུབ་པར།།
མི་སེམས་གསོ་བའི་དམ་ཆོས་མི་བསྒྲུབས་ནས།།
མི་ཁ་འཕྲང་ལམ་ཁེར་རྐྱང་འཁྱོག་ལམ་དུ།།
མི་རྟག་གླིང་ནས་ཡོལ་ཡོལ་སྐྱོད་དོན་ཅི།།
མི་དགོས་མི་དབང་ཟགས་བཅས་ཕུང་པོ་འདི།།
མི་འབྲལ་མི་འཛིན་ཐབས་མེད་དབང་ཆེན་འོག།
མི་བདེན་རྫུན་གྱི་སླད་པའི་འཁོར་བ་འདིར།།
མི་ཉན་མི་ཡུལ་དེ་དག་འགྲིམ་དོན་ཅི།།