国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞི་ཅིན་ཕིང་གིས་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་འཐུས་མི་དང་མཇལ་འཕྲད་གནང་སྐབས་ནན་གསུང་གནང་དོན།

ཡང་འབད་བསྐྱར་འབད་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ནས་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་པོར་བྱ་དགོས།

ཞི་ཅིན་ཕིང་གིས་ཟླ་བའི་གོ་ལའི་དངོས་དཔེ་དང་ཟླ་དཔྱད་འདུ་འགོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ། ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་བཅས་བྱེད་སྒོར་ཞུགས།

སྤྱི་ཟླ9ཚེས23ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་སོགས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོར་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་འཐུས་མི་དང་མཇལ་འཕྲད་གནང་བ་དང་འབྲེལ། ཟླ་བའི་གོ་ལའི་དངོས་དཔེ་དང་ཟླ་དཔྱད་འདུ་འགོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་ཡང་གནང་བ་རེད། འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།

སྤྱི་ཟླ9ཚེས23ཉིན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་སོགས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོར་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་འཐུས་མི་དང་མཇལ་འཕྲད་གནང་བ་དང་འབྲེལ། ཟླ་བའི་གོ་ལའི་དངོས་དཔེ་དང་ཟླ་དཔྱད་འདུ་འགོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་ཡང་གནང་བ་རེད། འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་འཐུས་མི་དང་མཇལ་འཕྲད་གནང་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ9ཚེས23ཉིན་གློག་འཕྲིན་འབྱོར་གསལ། ཚེས23ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་འཐུས་མི་དང་མཇལ་འཕྲད་གནང་སྐབས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཟླ་དཔྱད་འདུ་འགོད་ཀྱི་གྲུབ་འབྲས་ནང་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་མི་རབས་ཁ་ཤས་ཀྱི་བློ་གྲོས་དང་སེམས་ཤུགས་འདུས་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་ལོ་དེ་དག་རིང་ཚན་རྩལ་ཐད་རང་ཚུགས་རང་དར་བྱས་པར་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་མངོན་ལ་ཀྲུང་གོ་བའི་བློ་སྟོབས་དང་། སེམས་ཤུགས། གདིང་ཤུགས་བཅས་ཀྱང་གང་ལེགས་མངོན་ཡོད།( པར་ངོས་གཉིས་པར་གཟིགས།)