国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་ཁུལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུར།

ཤུགས་ཡོད་རྒུས་སྤྱི་བདེའི་ལས་དོན་དེང་རབས་ཅན་དུ་ཧུར་ཐག་བསྐུལ་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་གཡས་གཞོགས་གཡོན་འདེགས་བྱ་དགོས་ཞེས་གསུངས།

སྤྱི་ཟླ9པའི་ཚེས23ཉིན་ལ་ཁུལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུ་དར་མདོ་རུ་འཚོགས་པ་དང་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཕེབས་ཤིང་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུའི་སྙིང་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཤུགས་ཡོད་རྒུས་སྤྱི་བདེའི་ལས་དོན་དེང་རབས་ཅན་དུ་ཧུར་ཐག་བསྐུལ་ཏེ་དཀར་མཛེས་ཁུལ་གྱི་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་གཡས་གཞོགས་གཡོན་འདེགས་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད།

ཧྲེན་དབྱང་གིས་གསུང་བཤད་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་བདེའི་ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དམ་འཛིན་བྱས་ཏེ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་དང་བསྒྱུར་བཅོས་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་ལེན་བསྟར་ནས་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་བསྐུལ་ཏེ་སྤྱི་བདེའི་ལས་དོན་དེང་རབས་ཅན་དུ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་བས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཁུལ་ཡོངས་ཀྱི་རིམ་ཁག་ཏང་ཨུ་དང་སྲིད་གཞུང་། སྤྱི་བདེ་ལས་ཁུངས་བཅས་ཀྱིས་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གསལ་རྟོགས་ཐུབ་པ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྤྱི་བདེ་ལས་ཁུངས་ཀྱི་རྩ་བའི་ཆབ་སྲིད་ཀྱི་ངོ་བོ་དང་། འགན་འཁྲི་གལ་ཆེན་ཁུར་བ་དང་འགན་ནུས་ཀྱི་བླང་བྱ་གལ་ཆེན། རིན་ཐང་གཙོ་བོ་དོན་གཉེར། སྤྱི་བདེའི་དཔུང་ཁག་འཛུགས་སྐྱོང་བཅས་ཀྱི་ཁ་ཕྱོགས་དང་དམིགས་འབེན་ལ་གོ་བ་ཟབ་མོ་ལ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ་ཁུལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་བརྒྱུད་དེ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་ཐུབ་པའི་འགན་ལེན་བྱ་དགོས།

( པར་ངོས་གཉིས་པར་གཟིགས།)