( པར་ངོས་དང་པོར་མཐུད།)
ཧྲེན་དབྱང་གིས་ལྷག་བསམ་རྣམ་དག་ངང་རང་འགན་གཙང་སྒྲུབ་བྱས་ཏེ་ཁུལ་ཡོངས་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་ལ་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས་པ་དང་ཆབ་སྲིད་བདེ་འཇགས་ཀྱི་མཐིལ་ཚད་བརྟན་སྲུང་བྱ་དགོས། སྤྱི་ཚོགས་བརྟན་བརླིང་གི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏང་དགོས། འཆམ་མཐུན་གྱི་དྲྭ་རྒྱའི་བར་སྟོང་བསྐྲུན་དགོས། བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏང་རྒྱུར་བརྩོན་དགོས། འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་ཞབས་ཞུ་དང་འགན་ལེན་བྱ་དགོས་པའི་ཐུགས་རེ་གནང་།
ཧྲེན་དབྱང་གིས་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་སྤྱི་བདེའི་ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དམ་འཛིན་བྱེད་པ་དང་། རིམ་ཁག་ཏང་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱིས་ཤུགས་ཡོད་རྒུས་ཁྲིད་སྟོན་བྱེད་ཅིང་། འབྲེལ་ཡོད་སྡེ་ཚན་ཁག་གིས་ཤུགས་ཡོད་རྒུས་སྤྱི་བདེའི་ལས་དོན་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་པ། ཆབ་སྲིད་ཐད་སེམས་ཁུར་དེ་བས་མང་བ་དང་། ལས་དོན་ཐད་རྒྱབ་སྐྱོར་དེ་བས་ཆེ་བ། ལྟ་སྐྱོང་ཐད་འགན་ལེན་དེ་བས་ཆེ་བ། ཤུགས་ཡོད་རྒུས་སྤྱི་བདེའི་ལས་བྱེད་ཉེན་རྟོག་པའི་ལས་དོན་དང་འཚོ་བ་དང་དེ་བཞིན་སྤྱི་བདེའི་ལས་དོན་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཀྱི་དཀའ་གནད་དངོས་ཐག་བཅད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་རྩོམ་ཆེད་སྲ་ཞིང་བརྟན་པའི་བདེ་འཇགས་ཀྱི་འགན་ལེན་བྱ་དགོས་པའི་ནན་གསུང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རུང་ཚོགས་འདུ་ཐེངས་དང་པོར་ཕེབས་པས་མ་ཚད། ད་དུང་ཚོགས་འདུ་ཐེངས་གཉིས་པར་ཕྱོགས་བསྡོམས་གསུང་བཤད་ཀྱང་གནང་བ་རེད། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཀྲུང་ཁོས་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་ཞིང་བཀོད་སྒྲིག་ཀྱང་གནང་བ་རེད། ཁུལ་ཨུའི་རྩ་འཛུགས་པུའུ་དང་། ཁུལ་འཕེལ་བསྒྱུར་ཨུ་ལྷན། ཁུལ་ནོར་སྲིད་ཅུས། དར་མདོ་གྲོང་ཁྱེར་དང་། གསེར་རྟ་རྫོང་། བྲག་མགོ་རྫོང་བཅས་ཀྱི་འབྲེལ་ཡོད་མི་སྣས་སྤེལ་རེས་གཏམ་བཤད་བྱས་པ་རེད།། (ལྷ་འཛོམས་ཀྱིས་བསྒྱུར།)