国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དར་མདོ་གྲོང་ཁྱེར་གྱིས་སློབ་གྲྭར་རྒྱལ་སྲུང་སློབ་གསོ་སྤེལ་ཏེ་སློབ་མའི་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཟབ་ཏུ་བཏང་།

བྱེད་སྒོའི་ཡུལ་དངོས། སློབ་མར་རྒྱལ་སྲུང་གི་འདུ་ཤེས་བཅང་རྒྱུར་ཁྲིད་སྟོན་བྱེད་པ་དང་། རྒྱལ་སྲུང་གི་འདུ་ཤེས་དྲག་ཏུ་གཏོང་བ། རྒྱལ་གཅེས་ཀྱི་བརྩེ་སེམས་འཕེལ་བ་བཅས་བྱ་ཆེད། སྤྱི་ཟླ9པའི་ཚེས19ཉིན་ལ། རྒྱལ་སྲུང་སློབ་གསོའི་གློག་བརྙན་བརྙན་འཕྲིན་སྐོར་འགྲེམས་བྱེད་སྒོ་དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པར་སྤེལ་བ་རེད། བྱེད་སྒོའི་ཁྲོད་རྒྱལ་སྲུང་གི་ནང་དོན་ལྡན་པའི་གློག་བརྙན《དམག་མིས་ཕར་རྒོལ་བྱེད》ཅེས་པ་བཏང་བ་དང་། དེའི་ནང་ཨ་རྒོལ་ཁྲའོ་རོགས་དམག་འཁྲུག་སྐབས་སུ་ཀྲུང་གོ་མི་དམངས་དང་བླངས་དམག་གིས་དཔའ་ངར་ཞུམ་མེད་དང་འབད་འབུངས་སྡུག་རུས་ཀྱི་དམག་འཐབ་བྱས་པའི་སྙིང་སྟོབས་མཚོན་ཡོད། གློག་བརྙན་གཏོང་བའི་བརྒྱུད་རིང་ཁྲོད་སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་གློག་བརྙན་ལ་ལྟ་བ་དང་སྐབས་རེར་ངོ་མཚར་ཆེ་བའི་དམག་འཐབ་ཀྱི་ངང་ཚུལ་ལ་ཧང་སངས་པ་དང་སྐབས་རེར་དམག་མིའི་དཔའ་མཛངས་ལྡན་པའི་བྱས་རྗེས་ཀྱིས་སེམས་འགུལ་ཚད་མེད་ཐེབས་ཏེ་མིག་མཐར་མཆི་མ་འཁོར་བཞིན་ཡོད། གློག་བརྙན་གཏོང་མཚམས་བཞག་རྗེས། སློབ་གྲོགས་ཚོས་ཕན་ཚུན་སྤེལ་རེས་བྱས་པར་བརྒྱུད་ད་ཐེངས་ཀྱི་གློག་བརྙན་བལྟས་པ་ལས་ཁོ་ཚོའི་རྒྱལ་སྲུང་གི་འདུ་ཤེས་དྲག་ཏུ་ཕྱིན་པར་མ་ཟད། རྒྱལ་ཁབ་སྲུང་སྐྱོང་བྱེད་མཁན་གྱི་དམག་མི་ཚོར་དེ་བས་གུས་པ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། “གློག་བརྙན《དམག་མིས་ཕར་རྒོལ་བྱེད》ཅེས་པར་བལྟས་རྗེས་དང་བླངས་དམག་གི་འཐབ་འཛིང་པ་ཚོའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་མཚོན་པ་དང་ཁོང་ཚོས་རང་ཉིད་ཀྱི་ཚེ་སྲོག་ལ་མི་འཛེམས་པར་རྒྱལ་ཁབ་ཀྱི་ལ་རྒྱ་དང་མི་རིགས་ཀྱི་གཟི་བརྗིད་བསྲུངས་ཡོད། གློག་བརྙན་དེར་བལྟས་རྗེས་ང་ལ་སློབ་གསོ་ཆེན་པོ་ཐེབས་བྱུང་། མེས་རྒྱལ་ལ་དེ་བས་དགའ་ཞེན་དང་ཞི་བདེར་གཅེས་སྤྲད་བྱ་རྒྱུ་ཡིན། ཕྱིན་ཆད་ཀྱི་སློབ་སྦྱོང་ཁྲོད་ངས་དཀའ་ངལ་ལ་མི་སྐྲག་པ་དང་ཏན་ཏན་ཏིག་ཏིག་གི་སྒོ་ནས་དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་ཡག་པོ་ཞིག་བྱ་རྒྱུ་ཡིན་ཞེས་དར་མདོ་གྲོང་ཁྱེར་སློབ་འབྲིང་གཉིས་པའི་ལོ་རིམ་གསུམ་པའི་སློབ་མ་ཆོས་དབྱངས་སྒྲོལ་མས་དེ་ལྟར་བཤད། གཞན་ད་དུང་སློབ་གྲྭས“རྒྱལ་སྲུང་སློབ་གསོར་ཤུགས་བསྣན་ནས་མི་རིགས་ཀྱི་སྙིང་སྟོབས་འཕེལ་བར་བྱེད”ཅེས་པའི་འགྲེམས་པང་བཤམས་སྟོན་བྱེད་སྒོ་སྤེལ་བ་རེད། འགྲེམས་པང་གི་ནང་དོན་ལ་རྒྱལ་སྲུང་ལོ་རྒྱུས་དང་དཔའ་བོའི་བྱས་རྗེས། རྒྱལ་སྲུང་ཚན་རྩལ་སོགས་འདུས་ཡོད་པས་རྒྱལ་སྲུང་གི་གལ་ཆེ་བའི་རང་བཞིན་དང་རང་རྒྱལ་གྱི་རྒྱལ་སྲུང་འཛུགས་སྐྱོང་གི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། སློབ་མ་ཚོས་འགྲེམས་པང་མདུན་ནས་ནན་ཏན་གྱིས་རྒྱལ་སྲུང་ཤེས་བྱ་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད།། (སྐལ་བཟང་རྒྱ་མཚོས་བསྒྱུར།)