国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






༢༠༢༤ལོའི་སྟོན་མཇུག།

སྟོན་མཇུག་འདིར།

ཞེ་སེམས་ལྷོད་པོར་ངང་འདང་ཞིག་བརྒྱབ་སྟེ།

ཕྱིར་འཁོར་ནས་ལོ་གཅིག་གི་ལས་ཀར་བསམ་ཞིབ་བྱེད་ཚེ།

ད་ནི་ཙག་ཤུར་ཞིག་ངོར་ལྡང་གིན།

སྡོང་ངོས་ཀྱི་ལོ་མ་སེར་པོ་དག་རང་ཤུགས་ཀྱིས་སར་ཐོར་སོང་།

བསམ་ཕྱོགས་ཀྱི་བསྒྲུབ་བྱ་གཅིག་ཀྱང་མེད་པར།

བྲེལ་འཚུབ་ཀྱི་ངང་ལོ་དང་ཟླ་སྣེར་ཟླ་བ་ཟད།

ད་ནི་ཅི་ཙམ་འཚོ་བའི་ལོ་ཟླ་འདི་དག་ཀྱང་།

འདི་ལྟར་ཟད་ན་སེམས་ནི་སྨྲེང་བར་གྱུར་སོང་།

ཨ་ཁ་ཁ།

མི་ཚེ་ལ་དོན་སྙིང་ཞིག་ལོན་མིན་གྱི་ཐེ་ཚོམ་དང་།

དོགས་པ་ཕྲན་བུ་འདིས།

ངས་སེམས་པ་ནམ་ཡང་ལྷོད་པོ་ཞིག་ཏུ་ཆགས་ཐབས་མི་འདུག།

༼ རྒྱ་ཚང་སྨོན་ལམ། ༽