བྱད་གཟུགས་པདྨ་ལས་མཛེས་པའི་འཕྱོང་རྒྱས་ཀྱི་སྒྲོལ་མ།།
འཛུམ་དཀར་ཤིག་ཤིག་གི་ཁྲོད་ན་གསེར་དངུལ་རེ་སྦས་པས།།
ཡུལ་མའི་ཕྲག་ག་ན་གསོལ་བའི་སྲས་མོ་ཁྱོད་མིན་ཡང།།
གདོན་གྱིས་བླ་སྲོག་ལ་བརྒྱུས་པའི་དགྲ་འདུལ་གྱི་མདུང་ཡིན།།
སྡོམ་ཁྲིམས་སྲུང་མདུད་དུ་བཏགས་པའི་གྲྭ་བཙུན་གྱི་སྙིང་ཡིན།།
དཔྱིད་གྱི་དཔལ་ཡོན་ལ་མཛེས་མའི་བཞིན་མདངས་དེ་གསོལ་བས།།
སོར་འཛུམ་པདྨ་ཡི་འཁྲི་ཤིང་སྙིང་ག་རུ་བཞད་སོང་།།
ལོ་གཅིག་ལོ་གཉིས་ལས་འགོར་བའི་གཉོམ་ཆུང་གི་དྲན་མགུལ།།
ལ་ལུང་སྟོང་ཕྲག་རེ་བརྒལ་ཏེ་སུན་རྩེན་ལ་སླེབས་པ།།
གཡུ་ཆུང་མགུལ་མ་ལ་བཏགས་པའི་སྨད་ཆུང་མའི་ཚོར་རམ།།
བརྩེ་བ་ཡར་ངོ་བཞིན་རྒྱས་པའི་ཁམས་ཕྱོགས་ཀྱི་ཨ་ཅག།
དུང་བ་དུང་བ་ཡི་འཚོས་ན་སེམས་མཐུན་རེ་བྱུང་སྐད།།
འདང་བརྩེ་རྒྱ་མཚོ་རུ་གནས་པའི་གསེར་ཉ་ཁྱོད་བྱས་ཆོག།
ལས་ཀྱི་སྲུང་མདུད་དུ་ཁྱོད་རང་གའུ་བཞིན་བཏགས་ཆོག།
༼ ཤ་འོད། ༽
