国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙན་ངག་བྲིས་ཚུལ།

རྫ་ལམ་གོང་མ་ལྟ་བུའི་ཤོག་

དཀར་གྱི་ངོས་སུ།

སྙན་ངག་ཅིག་རྐྱང་དཀར་གྱི་རྔོག་

མ་བཞིན་བློས་བསླངས་བྱས་

ཚར་དུས།

ཡིག་ཚོགས་ནི། ཕམ་ཁ་ཉེས་པའི་

རྔོན་པ་ནང་བཞིན།

ཆང་གིས་བཟི་བའི་གོམ་འགྲོས་

འཁྱར་འཁྱོར་སྤོ་བཞིན།

སྲོད་ཁ་འདིར་ཁེར་རྐྱང་དུ་ལུས།

སྦྲ་རྒན་གྱི་ངོ་ཐིག་དང་ཁ་ཚུབ་

ལྟ་བུའི་ནང་སེམས་ནི།

ལྐོག་གྱུར་གྱིས་འབར་བའི་མེ་

ལྕེ་ཞིག་ཏུ་གྱུར།

༼ ནག་བཟའ་སྐར་བརྒྱ། ༽