国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབོད་སྐུལ་།

བརྩེ་དུང་མཛེས་སྡུག་ལྡན་རུང་།།

ང་ལ་ཐོབ་པ་མི་སྲིད།།

སློབ་ལ་སྦྱོང་བརྩོན་བྱེད་པ།།

ང་ཡི་དམིགས་ཡུལ་ཉག་གཅིག །

ལམ་ལ་ཀྱག་ཀྱོག་ཡོད་སྲིད།།

མ་ཕམ་སྤོབས་པ་བསྐྱེད་དང་།།

མི་ཚེ་རིང་པོ་འདི་ལ།།

རང་གི་ལམ་ཞིག་རྙེད་སྲིད།།

ཉོན་མོངས་འདུལ་ལ་བརྩོན་དང་།།

སྡུག་བསྔལ་རང་སར་ཞི་འགྲོ།།

ལྷག་བསམ་དཀར་པོ་གྱིས་དང་།།

མི་ཚེ་ལམ་འགྲོ་རྒྱུགས་ཡོང་།།

མི་ཚེའི་བདེ་སྐྱིད་ཟེར་བ།།

གཙོ་བོ་སེམས་ལ་རག་ལས།།

སེམས་ཀྱི་གསང་གནད་ཟིན་ན།།

བདེ་སྐྱིད་དེ་ལས་འཛད་མེད།།

ཚེ་སྲོག་ཚེ་སྲོག་ཟེར་ཡང་།།

ཉིན་རྒྱུན་འཚོ་བ་དེ་ཡིན།།

འཚོ་བར་ཆོག་ཤེས་ཡོད་ན།།

སྡུག་བསྔལ་རྩ་བ་ཆོད་ངེས།།

མདུན་ལམ་ཡག་པོ་དགོས་ན།།

རྣམ་གཡེང་གཡོ་སྒྱུ་མ་བྱེད།།

དཀའ་སྡུག་གང་ལ་འཕྲད་ཀྱང་།།

མདུན་སྐྱོད་སྤོབས་པ་ཡོད་དགོས།།

མི་ཚེ་རིང་པོ་འདི་ལ།།

མི་སྣ་མང་པོར་འཕྲད་སྲིད།།

འགྲོག་བདེ་གཤིབ་བདེ་བྱེད་པ།།

མི་ཡི་འགྲོགས་འདྲིས་དང་པོ།།

མི་རིགས་མི་རིགས་ཟེར་བ།།

སྐད་དང་ཡི་གེར་ཐུག་ཡོད།།

རང་ངོ་རང་གིས་ཤེས་ནས།།

རང་ཚུགས་རང་གིས་བཟུང་དགོས།།

༼ བསྟན་འཛིན་དབང་མོ། ༽