国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས།

སྤྱི་ཟླ10ཚེས9ཉིན།ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་ཀྲུང་གོ་གསར་པ་བཙུགས་ཚུན་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་དཀའ་སྤྱད་འབད་འཐབ་བྱས་ནས་ཐོབ་པའི་གྲུབ་འབྲས་ཆེན་པོར་བརྩེ་སེམས་ཟབ་མོས་ཕྱིར་མིག་བལྟས་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ཆེན་པོར་དབྱེ་ཞིབ་ཟབ་མོ་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་མཛད་ཇུས་གལ་ཆེན་དང་བྱ་སྤྱོད་རྩ་འཛིན་ཁྱོན་ཡོངས་ནས་གསལ་བཤད་བཅས་བྱས་ཏེ་ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏང་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་མི་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ་ཀྲུང་གོ་གསར་པ་བཙུགས་ནས་ལོ75རིང་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་།ལོ་འདིའི་ཚུན་དུ་ཐོབ་པར་དཀའ་བ་དང་མི་སེམས་ལ་སྐུལ་མ་ཐེབས་པའི་གྲུབ་འབྲས་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཐོག་ཡིད་ཆེས་བརྟན་པོ་དང་ངེས་ཤུགས་རྒྱུན་འཛིན། དཀའ་སྤྱད་འགག་སྒྲོལ། འགན་འཁུར་དངོས་སྒྲུབ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་ཧུར་ཐག་གཏང་དགོས།

ཚོགས་འདུའི་ཐོག་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ་དང་འབྲེལ་བྱ་དགའ་ཐོབ་མཁན་ལ་བྱ་དགའ་གནང་བ་དང་།དེ་ལས་ཏང་ཀྲུང་དབྱང་གིས་དཔའ་བོ་དང་དཔེ་བཟང་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་མཚོན་པ་དང་།དཔའ་བོར་གོང་བཀུར་དང་། དཔའ་བོར་སློབ་སྦྱོང་། དཔའ་བོར་བརྩོན་ལེན་བཅས་བྱེད་པའི་ཁྲིད་ཕྱོགས་གསལ་པོ་བཏོན་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་དར་སྤེལ་གཏོང་བ་དང་དུས་རབས་ཀྱི་སྙིང་སྟོབས་གོང་བུ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ངེས་རེད། རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་མི་ལས་བྱེད་པས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་།རྒྱལ་གཅེས་རིང་ལུགས་གཙོ་བོར་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ། དཔའ་བོ་དང་དཔེ་བཟང་མི་སྣའི་སྔོན་ཐོན་མཛད་རྗེས་སློབ་སྦྱོང་དང་དར་སྤེལ་གཏོང་བ། བྱས་རྗེས་དཔེ་བཟང་མི་སྣ་མིག་དཔེར་བཟུང་ནས་དགེ་བརྩོན་ཡར་ཐོན་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་གོང་བུ་གཅིག་ཏུ་འགྲིལ་བ་དང་།ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་གོང་བུ་གཅིག་ཏུ་སྒྲིལ་དགོས། ཤེས་བྱ་གསར་པ་སློབ་སྦྱོང་དང་རྩལ་ནུས་གསར་པ་ཁོང་དུ་ཆུད་པ། འཇོན་ཐང་ངོ་མ་སྦྱོང་བ།ལས་བཀུར་ལས་བརྩོན་ལས་ཆུབ་བཅས་ཀྱིས་ལས་གནས་དཀྱུས་མའི་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་ལ་སྟོབས་ཤུགས་འབུལ་དགོས། དཔའ་བོ་དཔེ་བཟང་གི་དྲིལ་བསྒྲགས་ལ་ཤུགས་བསྣན་ཏེ་སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་སྤྱི་ཚོགས་ཡོངས་སུ་དཔའ་བོར་སེམས་ཁུར་དང་།དཔའ་བོར་བརྩི་འཇོག།དཔའ་བོར་གུས་བཀུར་བཅས་བྱེད་པའི་རྣམ་པ་བཟང་པོ་གཏོད་དགོས།

( པར་ངོས་གཉིས་པར་གཟིགས།)